31605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་ (1)
Part of speech མིང་ཚིག
Definition དྲིའི་མཚན་ཉིད་ནི། འབྱུང་གྱུར་གང་ཞིག་སྣའི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ཕྱི་དོན་ནོ། །དྲི་ལ་དབྱེ་ན་མཛོད་ལས། དྲི་རྣམ་བཞི་ཞེས་དྲི་ཞིམ་པ་དང། དྲི་ང་བ་དང། དྲི་མཉམ་པ་དང། མི་མཉམ་པ་སྟེ་བཞི་གསུངས་སོ། །ཀུན་བཏུས་ལས། སྔ་མ་གསུམ་པོ་དེའི་སྟེང་དུ། ལྷན་སྐྱེས་དང། སྦྱར་བྱུང་དང། གྱུར་པ་ལས་བྱུང་བ་སྟེ་དྲུག་ཏུ་གསུངས་སོ། །པན་ཀན་ལས། དྲི་ཞིམ་པ་དང། དྲི་ང་བ་དང། དེ་ལས་གཞན་པ་དང་གསུམ་དུ་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །དྲི་ནི་སྣའི་དབང་པོའི་ཡུལ་ཏེ། དེ་ནི་དྲི་ཞིམ་པ་དང། ང་བ་གཉིས་ལས་རེ་རེ་ལའང་མཉམ་པ་དང་མི་མཉམ་པ་གཉིས་གཉིས་སུ་ཕྱེ་བས་རྣམ་པ་བཞིའོ། །དེ་ལ་མཉམ་པ་ནི་དྲིི་ཞིམ་པ་དང་ང་བ་གཉིས་ཤས་ཆུང་བ་དང། མི་མཉམ་པ་ནི་ཤས་ཆེ་བ་ཡིན་པར་འདོད་དོ། །བསྟན་བཅོས་ལས་ནི་དྲི་ཞིམ་པ་དང་ང་བ་དང་མཉམ་པ་གསུམ་འབྱུང་སྟེ། དེ་ལ་ཁ་ཅིག་མཉམ་པ་ནི་གསུམ་པ་ཡིན་པར་འདོད་ལ། གཞན་དག་ནི་མཉམ་པ་གཉིས་པོ་དེའི་ཕྱོགས་གཅིག་ཡིན་པས་དོན་ནི་ཁྱད་པར་མེད་དོ་ཞེས་ཟེར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། དོན་ལྔ་ཡི་ནང་ཚན་དུ་གྱུར་པའི་དྲི་དང། དྲིའི་སྐྱེ་མཆེད་དང། ཁམས་བཅོ་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་དྲིའི་ཁམས་རྣམས་དོན་གཅིག་གོ ། ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །

{{#arraymap:དྲི་

|; |@@@ | | }}

དྲི་ (1)
Part of speech བྱ་ཚིག
Definition འདྲི་ཡི་མ་འོངས་པ།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [དྲི།]
Present [འདྲི།]
Past [དྲིས།]
Imperative [དྲིས།]

{{#arraymap:དྲི་

|; |@@@ | | }}