31892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲུང་ཆེན་ཤེས་རབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕྱི་ལོ་ ༡༨༠༣ ལོར་མདོ་སྨད་རྩེ་གཞུང་དུ་ཡབ་ནོ་ཁོ་དང་། ཡུམ་ཙི་ན་ཐར་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་པར་ཁུ་བོ་ཇེ་སང་བླ་མ་ངག་དབང་བསྟན་འཛིན་ཡི་གེའི་འབྲི་ཀློག་སྦྱངས། བཅུ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། རྡོ་རམས་པ་དཀོན་མཆོག་དགེ་འདུན་ལས་དགེ་བསྙེན་དང་། རབ་བྱུང་གི་སྡོམ་པ་ཞུས། བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་དུ་ཞུགས། དགེ་བཤེས་དཀོན་མཆོག་དོན་ཡོད་ལས་བསྡུས་གྲྭ་སྦྱངས། བཅུ་བདུན་པར་གུང་ཐང་བསྟན་པའི་སྒྲོན་མེ་ལས་དགེ་ཚུལ་བསྒྲུབས། མཚན་ལ་དཀོན་མཆོག་བསྟན་འཛིན་ཞེས་གསོལ། འཇམ་དབྱངས་བཞད་པ་དང་། གུང་ཐང་ཚང་། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ། དབལ་མང་དཀོན་མཆོག་རྒྱལ་མཚན། མཁན་པོ་གྲགས་པ་རྒྱལ་མཚན་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། འཇམ་བཞད་སྐུ་ཕྲེང་གསུམ་པའི་དྲུང་ཡིག་གི་འགན་ཁུར། ཉེར་བརྒྱད་པར་འཇམ་དབྱངས་བཞད་པ་ལས་བསྙེན་པར། མཚན་ལ་ཤེས་རབ་རྒྱ་མཚོ་ཞེས་གསོལ། དུས་འཁོར་གྲྭ་ཚང་དུ་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་ཆ་ལག་དང་བཅས་པ་བཙུགས། འདུ་ཁང་བཞིའི་ནང་དུ་རྗེ་བློ་བཟང་གྲགས་པའི་སྐུ་རེ་བཞེངས། འདས་ལོ་མི་གསལ། གསུང་རྩོམ་ནི་ཁྱོན་པོད་ཉི་ཤུ་ཡོད་སྐད་ཀྱང་མངོན་སུམ་པར་དུ་འཁོད་པ་ནི་པོ་ཏི་བདུན་བཞུགས།

{{#arraymap:དྲུང་ཆེན་ཤེས་རབ་རྒྱ་མཚོ་

|; |@@@ | | }}