31910

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲུང་རཏྣ་ཤྲཱི་ (1)
Part of speech མིང་ཚིག
Definition དྲུང་རཏྣ་ཤྲཱིའམ་རིན་ཆེན་དཔལ་ནི། མདོ་ཁམས་རྒྱལ་མོ་ཚ་བའི་རོང་ཞེས་བྱ་བའི་ཡུལ་བྱེ་མ་ཐང་དུ་ཕྱི་ལོ་ ༡༣༥༠ ལྕགས་ཕོ་སྟག་གི་ལོར་སྐུ་འཁྲུངས། ནར་སོན་སྐབས་ཡབ་ཡུམ་སོགས་ལས་ལྐོག་ཏུ་བྲོས་ཏེ། མངོན་ཤེས་མཆོག་མངའ་རི་པ་ཤེས་རབ་དཔལ་སོགས་མཁན་སློབ་གྲངས་ཚང་གི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ལེགས་ནོད་མཛད་ནས་མཚན་རིན་ཆེན་དཔལ་ཞེས་གསོལ། དགུང་ལོ་བཅོ་བརྒྱད་སྟེང་དབུས་གཙང་དུ་ཕེབས་ཏེ་མཁན་ཆེན་བྱང་ཆུབ་རྩེ་མོས་མཁན་པོ་དང་གཞན་སློབ་དཔོན་དུ་འོས་པ་སོགས་ཁ་སྐོང་དང་བཅས་པའི་གྲངས་ལེགས་འཛོམས་ཀྱི་མདུན་ནས་བསྙེན་རྫོགས་དང་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེགས་པར་ཞུས་ནས་བཟུང་། ཤ་ཆང་གི་ཉེས་དམིགས་ཐུགས་དགོངས་སུ་བཅིངས་ཏེ་སྐུ་ཚེ་ཧྲིལ་བོར་ཤ་དང་ཆང་གཏན་སྤངས་བྱས། ས་བཟང་མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་བློ་གྲོས། ཉ་དབོན་ཀུན་དགའ་དཔལ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་གསན་ཏེ་རྫོགས་པར་ཐུགས་སུ་ཆུད་ནས་ཕྲིན་ལས་རྣམ་བཞི་ལ་མངའ་བརྙེས། དེ་ནས་ཀུན་མཁྱེན་ཆེན་པོས་ལུང་བསྟན་ལྟར་མདོ་སྨད་འཛམ་ཐང་དུ་ཕེབས། ཕྱི་ལོ་ ༡༤༢༥ ཤིང་མོ་སྦྲུལ་གྱི་ལོར་དཔལ་གྱི་འཛམ་ཐང་ཆོས་སྡེ་ཆེན་པོ་བཏབ་སྟེ་ངེས་དོན་གྱི་བསྟན་པའི་གཞི་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་ངེས་གསང་ཟབ་མོའི་ལུགས་བཟང་སྒྲུབ་བརྒྱུད་གཙོ་བོར་བྱས་ནས་དར་རྒྱས་སུ་མཛད། འདི་ནི་མདོ་སྨད་ཀྱི་ཇོ་ནང་པའི་དགོན་སྡེ་ཐོག་མ་ཡིན། ཕྱི་ལོ་ ༡༤༣༥ ཤིང་མོ་ཡོས་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་གཟུགས་སྐུ་ཆོས་དབྱིངས་སུ་མནལ་བའི་ཚུལ་གྱིས་ལྗོངས་འདིར་སྤྲུལ་བཀོད་རེ་ཞིག་བསྡུ་བར་མཛད་དོ། །ཉིད་ཀྱི་རྒྱལ་ཚབ་མཁས་པའི་དབང་པོ་བླ་མ་དཔལ་སྐུ་མཆེད་ཟུང་དང༌། མཁན་དཀོན་མཆོག་རྒྱལ་མཚན། ཚེས་བཅུ་རཏྣ་ཀཱིརྟི། ཨ་རྒེ་ཉི་མ་འོད་ཟེར་སོགས་མཁས་པའི་དབང་པོ་གྲངས་ལས་འདས་པ་བྱུང་ལ། གསུང་རྩོམ་ཡང་། གསུང་རབ་སྤྱི་འགྲེལ། ལེགས་བཤད་རྡོ་རྗེ་ཕྲེང་བ། གཞི་ལམ་འབྲས་བུའི་གསལ་བྱེད། སྦྱོར་དྲུག་གི་ཁྲིད་གཞུང༌། གོང་མ་མཆོག་གི་དབང་བཞིའི་ཆོ་ག འཁོར་ལོ་སྡོམ་པ་ཆེ་ཆུང༌། སྒྱུ་འཕྲུལ་དྲ་བ། གསང་འདུས་རྣམས་ཀྱི་སྒྲུབ་ཐབས། དུས་འཁོར་ལྷ་དགུའི་སྒྲུབ་ཐབས། དུས་འཁོར་གྱི་ཆོ་ག དུས་འཁོར་མངོན་རྟོགས་རྣམ་བཤད། བློ་སྦྱོང་འགྲེལ་བ། ལུང་སྦྱོར་རིན་ཆེན་ཕྲེང་བ། མཁན་གྲགས་རྡོར་གྱི་རྩོད་ལན་ཆེ་ཆུང་སོགས་མདོ་སྔགས་རྣམ་བཤད་དང༌། ཆོ་གའི་རིགས་སོགས་ཆེས་མང་ཡོད་རིགས་སུ་འདུག་ཀྱང་དེང་སྐབས་དཔེ་ཙམ་ཡང་དུས་དབང་གིས་དཀོན་པ་ལྟར་དུ་སོང་ངོ༌། །

{{#arraymap:དྲུང་རཏྣ་ཤྲཱི་

|; |@@@ | | }}