32604

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནག་པོ་ (1)
Part of speech རྒྱན་ཚིག
Definition དམར་པོ་དང་སྔོན་པོ་བསྲེས་པའི་ཁ་དོག་སྟེ། ཕོ་རོག་གི་མདོག་ལྟ་བུ།
Keyword True
Example ཤོག་བུ་ནག་པོ། ཤོག་བུ་དེ་ལས་རྟ་ནག་པ། ང་ལ་ཤོག་བུ་ནག་ཤོས་དེ་དགོས་ལྟ་བུ།
Antonyms དཀར་པོ།
Adj Com Sup (?) ནག་པོ། ནག་པ། ནག་ཤོས།

{{#arraymap:ནག་པོ་

|; |@@@ | | }}

ནག་པོ་ (2)
Part of speech རྒྱན་ཚིག
Definition ངན་པའི་དོན་ཏེ།
Example མི་ནག་པོ། ཁྲིམས་ནག་པོ། སྐད་ཆ་ནག་པོ་བཤད་ལྟ་བུ།

{{#arraymap:ནག་པོ་

|; |@@@ | | }}

ནག་པོ་ (1)
Part of speech མིང་ཚིག
Definition ཉེས་པའམ་བྱ་བ་ངན་པའི་དོན་ལ་འཇུག་སྟེ།
Example ནག་པོའི་ལས་བསགས་པ། ནག་པོའི་ལས་ལམ་བཅུ་ལྟ་བུ།

{{#arraymap:ནག་པོ་

|; |@@@ | | }}

ནག་པོ་ (2)
Part of speech མིང་ཚིག
Definition ཁྱབ་འཇུག རིག་བྱེད་ཀྱི་གཏམ་རྒྱུད་ལས། སྔོན་ཚངས་པས་བསྒོས་པ་ལྟར། ཕྱོགས་གཅིག་ནས་ལྷ་དང་། ཕྱོགས་གཅིག་ནས་ལྷ་མིན་རྣམས་འདུས་ཏེ། རི་བོ་མནྡྷ་རའི་སྟེང་ནས་ཁྱབ་འཇུག་གིས་བཟུང་། ཀླུ་ནོར་རྒྱས་ཀྱིས་སྲུབ་ཐག་བྱས། འོག་ནས་རུས་སྦལ་གྱི་རྒྱབ་ནས་བརྟེན་ཏེ། བདུད་རྩིའི་དོན་དུ་འོ་མའི་རྒྱ་མཚོ་བསྲུབས་པ་ལས། དུག་ཆེན་ནག་པོ་བརྩེགས་པ་བྱུང་བ་ཁྱབ་འཇུག་གིས་མིད་པས། དྲན་པ་སྟོར་ཏེ་ས་ལ་འགྱེལ་ནས་མདོག་ནག་པོར་གྱུར་པར་བཤད་པས་སོ། །
Type མངོན་བརྗོད།

{{#arraymap:ནག་པོ་

|; |@@@ | | }}

ནག་པོ་ (3)
Part of speech མིང་ཚིག
Definition སྟོན་པའི་གཏད་རབས་བདུན་གྱི་ནང་གསེས་དྲུག་པ་སྟེ། ཉན་ཐོས་དགྲ་བཅོམ་པ་ཞིག་གི་མཚན།
Domain ཆོས་ལུགས།

{{#arraymap:ནག་པོ་

|; |@@@ | | }}

ནག་པོ་ (1)
Part of speech བསྣན་ཚིག
Definition ཧ་ཅང་ངམ་ཤིན་ཏུ་ཞེས་པའི་དོན་ཏེ།
Example དགྲ་བོ་དགྲ་ནག ལྐུགས་པ་ལྐུགས་ནག དཔེ་ནག་པོ་བསགས་སོང༌། ཧ་ནག་པོ་ལས་སོང༌། ཞེ་ནག་པོ་འགྲས་སོང༌ཞེས་པ་ལྟ་བུ།

{{#arraymap:ནག་པོ་

|; |@@@ | | }}