32953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་མ་ (1)
Part of speech མིང་ཚིག
Definition བོད་ཀྱི་ཟློས་གར་གྱི་ནང་གསེས་ཤིག་སྟེ། རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྟག་ཏུ་སྲིད་བློན་གཞན་དག་དང་ལྷན་དུ་ནང་མ་ཁང་དུ་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོའི་གཟིགས་མོ་གཟིགས་པ་ནས་བཟུང་རིམ་གྱིས་དར་སྤེལ་བྱུང་ཞིང་དམངས་ཁྲོད་དུ་ཡོངས་སུ་ཁྱབ་པའི་གཞས་རིགས་ཤིག་སྟེ། གནའ་བོའི་དམངས་ཁྲོད་ཀྱི་རོལ་མོ་དང་ཞབས་བྲོའི་རྨང་གཞིའི་ཐོག་བསྒྱུར་བཅོས་གོང་འཕེལ་བྱུང་བའི་གླུ་གར་གྱི་རྣམ་པ་ཞིག་ཡིན་ཞིང༌། ནང་མའི་གླུ་གདངས་གནའ་ཉམས་དོད་པ་དང་གར་སྟབས་ཀྱི་ཉམས་འགྱུར་མཛེས་པ། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ཡིན་པས་དབུས་གཙང་ཁུལ་དུ་དར་ཁྱབ་ཤིན་ཏུ་ཆེན་པོ་ཡོད། ནང་མའི་གླུ་གཞས་ཀྱི་གྲུབ་ཆ་ཁག་གསུམ་དུ་དབྱེ་བ་སྟེ། དང་པོ་འཇོག་དང༌། བར་དུ་རྒྱང་གཞས། མཇུག་ཏུ་འཁྲུག་གཞས་བཅས་ཡིན། འཇོག་ནི་རོལ་མོ་དཀྲོལ་བ་ལས་གཞས་དང་ཞབས་བྲོ་གཉིས་ཀ་མེད་ཅིང༌། དེ་ནི་གཞས་འགོ་འཛུགས་པའི་གདངས་དབྱངས་ཡིན། རྒྱང་གཞས་ཀྱི་གདངས་དབྱངས་ནི་ནང་མའི་སྙིང་བཅུད་ལྟ་བུ་ཞིག་ཡིན་པས་གཞས་གདངས་སྙན་ཞིང་བག་ཕེབས་པ་ཞབས་བྲོ་དངོས་དེ་ཙམ་མེད་པ་ལ་གར་མཁན་གྱི་ལུས་ཀྱི་སྟངས་སྟབས་ཀྱི་སྒེག་ཉམས་དང་གུས་ལུགས་ཀྱི་རྣམ་པ་མཚོན་བྱེད་དུ་སྐབས་སྐབས་སུ་ཕྱག་འབུལ་དང་ཛོའོ་ཡོལ་སོགས་ཞུ་སྲོལ་ཡོད། འཁྲུག་གཞས་ནི་མཚམས་ཚིགས་ཀྱི་འགྱུར་ཁུག་མྱུར་ལ་སྤྲོ་སྣང་འཕེལ་བ་ཞིག་ཡིན་པས་དེ་ནི་ནང་མའི་གཞས་ཀྱི་ཆེས་འཁྲུག་ཤོས་སུ་གྱུར་པའི་མཚམས་དེ་ཡིན། སྟོད་གཞས་དང་ནང་མ་གཉིས་ཕྱོགས་མང་པོའི་ཐད་ཕན་ཚུན་ཤུགས་རྐྱེན་ཆེན་པོ་ཡོད་པས་ནང་མའི་གཞས་ནང་གི་རྩ་བའི་སྟངས་སྟབས་མང་པོ་ཞིག་ཀྱང་སྟོད་གཞས་ལ་བལྟས་ནས་བྱུང་བ་དང༌། ནང་མའི་གཞས་ཚིག་ཕལ་ཆེ་བ་དྲུག་ཚིག་ཡིན་པ་དང་ནང་དོན་ཡང་ཕུན་སུམ་ཚོགས་པོ་ཡོད། ནང་མའི་གཞས་ཀྱི་རོལ་དབྱངས་ལ་མཚོན་འཛིན་ནག་པོ་ཡོད་པས་གཏོང་བྱའི་རོལ་མོ་ནི་སྒྲ་སྙན་དང༌། གླིང་བུ། ཡང་ཆིན། པི་ཝང༌། ལིང་ཤང༌། གྷན་ཆག་སོགས་ལས་རོལ་མོ་གཞན་སྤྱོད་སྲོལ་མེད།
Domain རྩོམ་རིག

{{#arraymap:ནང་མ་

|; |@@@ | | }}

ནང་མ་ (2)
Part of speech མིང་ཚིག
Definition ནང་ཚགས་སམ་ཕན་ཚུན་ཡིད་ཆེས་བློས་ཁེལ་ཐུབ་སའི་མི་ལ་ཟེར།
Example ངེད་གཉིས་གྲོགས་པོ་ནང་མ་ཡིན་ལྟ་བུ།
Antonyms ཕྱི་མ།

{{#arraymap:ནང་མ་

|; |@@@ | | }}

ནང་མ་ (3)
Part of speech མིང་ཚིག
Definition འཁོར་གཡོག་ཐག་ཉེ་བོའམ། ཉེ་འཁྲིས་ཀྱི་གཡོག་པོའི་མིང་སྟེ།
Example རྒྱལ་པོའི་སྐུ་འཁོར་ནང་མ། བླ་མའི་འཁོར་ནང་མ་ལྟ་བུ།
Antonyms ཕྱི་མ།

{{#arraymap:ནང་མ་

|; |@@@ | | }}

ནང་མ་ (4)
Part of speech མིང་ཚིག
Definition གཞན་ལ་ཡོངས་གྲགས་མི་བྱེད་པའི་གནས་ཚུལ་ལམ། གསང་བའི་དོན་ཏེ།
Example ང་དང་ཁོང་གཉིས་བར་ནང་མའི་བཀའ་མོལ་ལྷུག་པོ་བྱུང། ནང་མའི་བཀའ་ལྟ་བུ།

{{#arraymap:ནང་མ་

|; |@@@ | | }}