33205

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནད་རྩིས་ (1)
Part of speech མིང་ཚིག
Definition འབྱུང་རྩིས་སམ་ནག་རྩིས་རིག་པའི་ནང་གསེས་ཤིག་སྟེ། བརྩི་བྱའི་ཡུལ་དུ་གྱུར་བའི་གང་ཟག་སུ་ཞིག་ལ་འབྱུང་བ་འཁྲུགས་པའི་ནད་དང་། རྣམ་རྟོག་གིས་བསྐྱེད་པའི་འདྲེ་གདོན་གྱིས་གདུངས་ནས་སྡུག་བསྔལ་བར་གྱུར་བ་ན། དེར་ན་བའི་ནད་དང་གནོད་པའི་གདོན་གང་ཡིན་ངོས་འཛིན་གྱིས་རིམ་གྲོའི་ལམ་ནས་འཁྲུགས་པའི་འབྱུང་བ་སྙོམས་ཐབས་དང་། སྲོག་ལུས་དབང་ཀླུང་དང་སྤར་སྨེ་དར་གུད་བཅས་གུད་པ་རྣམས་གསོ་ཐབས། ཞར་བྱུང་སེམས་ཀྱི་འཆར་སྒོ་ལས་སྐྱེས་པའི་འདྲེ་གདོན་གྱི་གནོད་པ་རྣམས་སེལ་ཐབས་བཅས་སྟོན་པའི་རྩིས་ལ་ཟེར་ཞིང་། དེ་ལ་ནད་རྩིས་ཐང་ཤིང་དང་། ནད་པ་དང་སྲིའུའི་ཆེད་དུ་གསུངས་པའི་རྩིས་ཤིན་ཏུ་གནད་ཆེ་བ་རྡེའུ་བཅུ་དགུ་མ་སོགས་ཡོད། ནད་པ་དང་བྱིས་པའི་རྩིས་རྡེའུ་བཅུ་དགུ་མའི་རྡེལ་དག་ནི་བརྩི་བྱའི་སྲོག་གིས་ན་དུས་ཀྱི་ལོ་ཟླ་ཞག་དུས་བཞིའི་སྲོག་ལ་འཐབ་པའི་འཐབ་རྡེལ་བཞི་དང་། སྲོག་གི་དར་རྒུད་དེ་བཞིའི་ལོ་སྟེང་དུ་གཏུགས་པའི་རྡེའུ་བཞི་བཅས་སྲོག་རྡེལ་བརྒྱད། དེ་བཞིན་དུ་བརྩི་བྱའི་ལུས་ཀྱིས་ཀྱང་ན་དུས་ཀྱི་ལོ་ཟླ་ཞག་དུས་བཞིའི་ལུས་ལ་འཐབ་པའི་འཐབ་རྡེལ་བཞི་དང་། ལུས་ཀྱི་དར་གུད་དེ་བཞིའི་ལོ་སྟེང་དུ་གཏུགས་པའི་རྡེའུ་བཞི་བཅས་ལུས་རྡེལ་བརྒྱད། ན་ཉིན་གྱི་གཟའ་ཚེས་སྐར་མ་གསུམ་གྱི་བཟང་ངན་བརྩིས་པའི་རྡེའུ་གསུམ་བཅས་ཡིན། འཐབ་རྡེལ་ནི་མ་དང་གྲོགས་ལ་འཐབ་ན་དཀར་པོ་དང་། དགྲར་འཐབ་ན་ནག་པོ། ས་ཆུ་ནང་འཐབ་ན་དཀར་པོ། ཤིང་ལྕགས་མེ་གསུམ་ནང་འཐབ་ན་ནག་པོ། བུར་འཐབ་ན་ཞིབ་པ་ཁྲ་བོ་དང་རགས་པ་ནག་པོ། དར་གུད་ཀྱི་རྡེའུ་ནི་བཟང་དྲུག་ལ་བབས་ན་དར་ཞེས་དཀར་པོ་དང་། ངན་དྲུག་ལ་བབས་ན་གུད་ཅེས་ནག་པོ་ཡིན། གཟའ་སྐར་གཉིས་བཟང་ན་རྡེལ་དཀར་དང་། ངན་ན་རྡེལ་ནག ཚེས་ནི་སྐབས་འདིར་ལྷ་མོ་བརྒྱད་ཀྱི་རྩིས་ནས་ལེན་དགོས། རྡེལ་དེ་དག་ལས་སྲོག་གི་ལོ་རྡེལ་དཀར་ན་ཚེ་ཡི་འཁོར་ལོ་མ་ཞིག་པས་ཤི་ཆད་ཀྱི་སེམས་ཁྲལ་མེད། འགོ་བའི་ལྷ་དང་སྲུང་མས་སྐྱོབ་ཅིང་མྱ་ངན་བྱུར་གྱི་ཐག་པ་མེད། ནག་ན་འབྱུང་བ་སྲོག་གི་ཐང་ཤིང་ཆག་པས། བཅོས་སུ་ཚེ་ཆོག་དང་། སྲོག་འདོན། བླ་བསླུ་བཅས་བྱ་དགོས། དེའི་དར་གུད་རྡེའུ་དཀར་ན་སྲོག་ལ་ཤི་ཆད་མི་འབྱུང་ཞིང་གློ་བུར་མི་གཅོད། ཕོ་མོ་བུ་གསུམ་གྱི་ཤིང་ནད་པའི་གཟུགས་བྱས་པར་གོས་རྙིང་བསྐོན་ཏེ་ཆགས་ཆེན་མལ་དུ་བསྙལ་ནས་གཏོང་དགོས། སྲོག་གི་ཟླ་རྡེལ་དཀར་ན་འབྱུང་བ་སྲོག་གི་ལྗོན་ཤིང་སྐྱེས་པས་སྲོག་མཁར་ཚུགས་ཤིང་གཏམ་སྙན་ཐོས། ནག་ན་བླ་ལ་བདུད་ཀྱི་ཞགས་པས་འདེབས་པས། བཅོས་སུ་ཚེ་གཟུངས་དང་ཚེ་ཆོག་བྱ་དགོས། དེའི་དར་གུད་རྡེའུ་དཀར་ནག་གསེར་ཕུར་ཐེབས་ཤིང་ཕོ་དག་ལྷ་ཡིས་སྐྱོབ། ནག་ན་འཆི་ཉེན་ཡོད་པས། བཅོས་སུ་རྩིས་བྱས་སྐར་མ་བཟང་པོ་ལ་སྲེག་གམ་སྦེད་པའི་ཚུལ་སྟོན་དགོས། སྲོག་གི་ཞག་རྡེལ་དཀར་ན་མྱ་ངན་མེད་ཅིང་ཚེ་ཡི་འཁོར་ལོ་རྒྱ་མ་ཞིག ནག་ན་གློ་བུར་ནད་དང་ཡེ་འདྲོག་འོང་བས། བཅོས་སུ་གྲི་ཆགས་བཟློག་པའི་ལྷ་མོའི་མདོས་བྱ་དགོས། དེའི་དར་གུད་རྡེའུ་དཀར་ནག་དཔྱད་དང་གཏར་སྲེག་མི་དགོས་ཤིང་སྨན་མི་འཚོལ། ནག་ན་ལམ་བཅོས་ཤིང་ཚེ་ཐར་གཏོང་དགོས། སྲོག་གི་དུས་རྡེལ་དཀར་ན་གློ་བུར་ཡེ་འདྲོག་མི་ཚུགས་པས་ཚེ་ལ་བར་ཆད་འབྱུང་མི་སྲིད། ནག་ན་སཱཙྪ་གདབ་ཅིང་བླ་བསླུ་བྱ་དགོས་ལ། དུར་མཚུན་གསོལ་ཞིང་དུར་སྲི་གནོན་ཡང་དགོས། དེའི་དར་གུད་རྡེའུ་དཀར་ནག་ནད་ངོ་མེད་པས་བསྐྱེད་པའི་ཚེ་འཕེལ་བར་འོང་། ནག་ན་ལོ་མཐུན་མྱ་ངན་བསངས་ཤིང་གྲོང་གསུམ་སྤངས་ལ་འབྲང་རྒྱས་བྱ། ཟ་ཞིང་ཁྲོམ་ལས་ཐར་ཞེས་བརྗོད་དགོས། ལུས་ཀྱི་ལོ་རྡེལ་དཀར་ན་ལུས་ལ་ནད་ཚ་མི་འབྱུང་བས་གཏར་སྲེག་མི་དགོས་རྟེན་མཁར་བཟང་། ནག་ན་ལུས་ཀྱི་འབྱུང་བ་ཉམས་པས་མིང་བསྒྱུར་ཞིང་སྡོམ་པ་དང་དམ་ཚིག་ལེན་དགོས། དེའི་དར་གུད་རྡེའུ་དཀར་ན་ན་ཚ་བྱུང་ཡང་འཚོ་བ་སླ། ནག་ན་འཁོན་དང་མནའ་བཀར་ལ་འཛེམ་དགོས། རྨ་འབྲས་སྐྲངས་ལོའི་ངོ་ཡོད་པས། བཅོས་སུ་མིང་ལུས་བསྒྱུར་ཅིང་སྡོམ་པ་ལེན་དགོས། ལུས་ཀྱི་ཟླ་རྡེལ་དཀར་ན་འབྱུང་བ་ལུས་ཀྱི་རྟེན་ཕུར་ཚུགས་པས་གཅོང་དང་ནད་གཉིས་སོས་པར་འགྱུར། ནག་ན་ཁྲོམ་དང་བློ་འདྲིད་གོད་ཁ་འོང་བས། བཅོས་སུ་གདུགས་དཀར་དང་། ཤེས་རབ་སྙིང་པོ་གདོན་དགོས། དེའི་དར་གུད་རྡེའུ་དཀར་ན་སྡུག་བསྔལ་མེད་ཅིང་ཁ་རྗེ་འགོ་བའི་ལྷ་ཡིས་སྐྱོབ། ནག་ན་བདུད་གཅོད་ཕྱོགས་སུ་གླུད་བཏང་ཞིང་བསྲུང་སྐུད་དང་རྩི་ལུ་གདགས་དགོས། ལུས་ཀྱི་ཞག་རྡེལ་དཀར་ན་ལུས་ཀྱི་སྟོབས་བསྐྱེད་ལ་རྗེ་ཡང་བྱམས། ནག་ན་བསྐྱེད་པའི་མ་གོས་ཏེ་ལུས་ཀྱི་མ་མདོག་གི་གོས་གྱོན་ཞིང་། ལོ་སྐྱབས་ཅན་ཏེ་སྲོག་གི་མ་སྲོག་ཁམས་ཡིན་པའི་མི་ལས་བྱིན་རླབས་ཞུ་དགོས། དེའི་དར་གུད་རྡེའུ་དཀར་ན་ནད་གཞི་ཆུང་། ནག་ན་ལན་ཆགས་ཏེ་གཏོར་མ་གཏོང་ཞིང་སྟོང་དྲིན་གཞལ་བ་དང་། བསྐྱེད་པའི་ས་སྟེ་ལུས་ཀྱི་མ་ཕྱོགས་སུ་མཆོད་རྟེན་བརྩིག་དགོས། ལུས་ཀྱི་དུས་རྡེལ་དཀར་ནག་ནད་ཀྱིས་ཐེབས་ཀྱང་འཚོ་སླ་བས་སྨན་དང་དཔྱད་ཀྱིས་སོས། ནག་ན་ལུས་བསྒྱུར་ཞིང་སྲུང་བ་དང་རྩི་ལུ་གདགས་དགོས། དེའི་དར་གུད་རྡེའུ་དཀར་ན་རིམ་གྲོས་ཐུབ། གུད་ན་བྱང་ན་རྨ་སྲང་ལོ་འོང་བས། བཅོས་སུ་ཁྱི་རོ་ཁུར་ནས་ཕྱོགས་བཟང་ས་རུ་བསྐྱལ་དགོས། གཟའ་དང་སྐར་མའི་རྡེའུ་དཀར་ན་ནད་བཏབ་ཀྱང་ཉེན་ཆུང་། ནག་ན་ངན་པའི་གཟའ་སྐར་དེ་དང་མཐུན་པའི་བཅོས་བྱ་དགོས། ཚེས་རྡེལ་དཀར་ནག་ནི་ལྷ་མོ་བརྒྱད་ཀྱི་རྩིས་ལས་ལེན་དགོས་པས་དེར་གཟིགས་པར་འཚལ།
Domain རྩིས་རིག

{{#arraymap:ནད་རྩིས་

|; |@@@ | | }}