33312

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་ (1)
Part of speech མིང་ཚིག
Definition སྤྲིན་པ་དང་ཉི་ཟླ་སོགས་འཆར་སའི་བར་སྣང་སྟོང་པའི་མིང་སྟེ།
Keyword True
Example བྱ་ནམ་མཁའི་དབྱིངས་སུ་འཕུར། ནམ་མཁའ་སྔོ་ཞིང་དྭངས་ལྟ་བུ།
Synonyms མཁའ། མུ་སངས། གནམ་ཡང་ངོ་། དགུང་། ན་བྷཿ། ཀུན་འགྲོ། རྣམ་འགྲོ། རྒྱུ་སྐར་ལམ། གཟའ་སྐར་རྒྱུ་ལམ། ལྷ་ལམ། འཆི་མེད་ལམ། མེ་ཞལ་ལམ། བྱ་ལམ། སྤྲིན་ལམ། རླུང་ལམ། ཀུན་ཁྱབ། མུར་ཁྱབ། ཀུན་ཁེབས། དབུས་ནས་གསལ། ཀུན་གསལ། གསལ་གནས། སྐྱེ་མེད་གནས། གོ་འབྱེད། གོ་འབྱེད་ལམ། རྒྱས་བྱེད། འགྲོ་མེད། གཡོ་མེད། མི་གཡོ་བ། མི་འགྱུར་བ། རྟག་སྡོད། སྒྲ་སྒྲོགས། མཐའ་བྲལ། མཐའ་མེད། མི་འདའ། ཆུ་སྒྲོགས། ཆུ་མཐོངས། རྣམ་གྲོལ། བར་སྣང་། བར་མེད། མི་གསལ་ལམ། ཁྱབ་འཇུག་གནས། གཟའ་སྐར་གནས། ལུས་མེད། ལྷ་གནས། ལྷ་རྩེན། རོལ་བའི་གནས། ལྷའི་རྫིང་རིང་། ལྷ་ཡི་ཆུ་རྒྱུད། ཨ་སྔོན། སྔོ་བསངས་ཅན།

{{#arraymap:ནམ་མཁའ་

|; |@@@ | | }}

ནམ་མཁའ་ (2)
Part of speech མིང་ཚིག
Definition ནམ་མཁའི་མཚན་ཉིད་ནི་མི་སྒྲིབ་པ་སྟེ་ཐོགས་བཅས་མིན་པས་བསྒྲིབ་པར་བྱ་བ་དང། སྒྲིབ་པར་བྱེད་པ་གཉིས་ཀ་མེད་པའོ། །འོ་ན་སེམས་དང་སེམས་བྱུང་དང། འགོག་པ་གཉིས་ཀྱང་ནམ་མཁར་འགྱུར་ཏེ། མི་སྒྲིབ་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་མ་གྲུབ་སྟེ། རྣལ་འབྱོར་པ་མཐུ་ལྡན་གྱི་ཤེས་པས་གཞན་གྱི་ཤེས་པ་སྨྱོ་བ་ལ་སོགས་པར་བྱེད་པས་སོ་ན་འདུག་པ་ལ་སྒྲིབ་པའི་ཕྱིར་དང་། འགོག་པ་གཉིས་ཀྱང་མ་འོངས་པའི་ཆོས་འགའ་ཞིག་སྐྱེ་བ་ལ་སྒྲིབ་པའི་ཕྱིར་ཞེེས་སྔ་རབས་པ་རྣམས་བཤད་པ་ལེགས་སོ། །མཚན་གཞི་ནི་འདུས་མ་བྱས་ལུང་མ་བསྟན་རྫས་སུ་ཡོད་པ་ཞིག། སྒྲའི་དོན་ནི་ཨ་ཀ་ཤའི་སྒྲ་ལས་དྲང་ན་གོ་འབྱེད་པའི་དོན་གྱིས་ན་ནམ་མཁའ་འོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། །ནམ་མཁའ་ནི་མཚན་ཉིད་མི་སྒྲིབ་པ་ཅན་ཏེ། བསྒྲིབ་བྱ་དང་སྒྲིབ་བྱེད་གཉིས་དང་བྲལ་བའི་ཕྱིར་རོ། །དེས་ན་སྒྲིབ་པ་དང་བྲལ་བ་གཟུགས་ཅན་གྱི་གོ་འབྱེད་པ་ནི་ནམ་མཁའ་འོ། །མདོ་སྡེ་པ་ནི་ནམ་མཁའ་གཟུགས་ཅན་དང་བྲལ་བས་གཟུགས་ཀྱི་གོ་འབྱེད་པ་ཙམ་ལ་ནམ་མཁའ་ཞེས་བརྗོད་ཀྱི་ངོ་བོ་ཉིད་མེད་དོ་ཞེས་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་ནི་ས་ཆུ་དང། ཆུ་རླུང་དང། རླུང་ནམ་མཁའ་ལ་བརྟེན་པར་བཤད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་འདོད་དོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །མཚན་ཉིད་ནི་གང་ན་གཟུགས་ཅན་སྐྱེ་བ་ལ་མི་སྒྲིབ་པར་གོ་འབྱེད་པའི་ཆོས་དེ་དེ་ཡིན་ནོ། །འདིས་ས་ཆུ་རླུང་གསུམ་བརྟེན་པའི་དོན་བྱེད་ནུས་པས་ན་རྟེན་གྱི་དོན་བྱེད་ནུས་པའི་རྫས་ཡོད་དུ་འདོད་དོ། །འདི་དང་ནམ་མཁའི་ཁམས་གཉིས་མི་གཅིག་སྟེ། འདི་ནི་འདུས་མ་བྱས་ཡིན་ལ། ཅིག་ཤོས་ནི་སྐར་ཁུང་ལ་སོགས་པའི་བུ་ག་ནམ་མཁའ་ལ་འཇོག་པས་གཟུགས་ཀྱི་སྐྱེ་མཆེད་དུ་འགྱུར་བའི་སྟེ། བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ལོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །

{{#arraymap:ནམ་མཁའ་

|; |@@@ | | }}

ནམ་མཁའ་ (3)
Part of speech མིང་ཚིག
Definition སེར་སྨད་རྒྱལ་དབང་མཛོད་ལས། ནམ་མཁའི་མཚན་ཉིད་ནི། རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བ་ལ་མི་བསྒྲིབས་པའམ་གེགས་མི་བྱེད་ཅིང༌། ཐོགས་རེག་བཀག་ཙམ་གྱི་སྟོང་ཆ་ལ་བྱེད་དགོས་ཀྱི། གཟུགས་ཅན་གཞན་འབྱུང་བ་ལ་མི་བསྒྲིབས་པ་ཙམ་གྱིས་འཇོག་མི་ནུས་ཏེ། སེམས་དང་འགོག་པ་གཉིས་སོགས་ཀྱང་དེར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་གསུངས།

{{#arraymap:ནམ་མཁའ་

|; |@@@ | | }}

ནམ་མཁའ་ (4)
Part of speech མིང་ཚིག
Definition གྲངས་ཀླད་ཀོར་རམ་ཐིག་ལེ་མཚོན་པ་སྟེ། ནམ་མཁའ་སྟོང་པ་ཡིན་པས་སོ། །
Type མངོན་བརྗོད།

{{#arraymap:ནམ་མཁའ་

|; |@@@ | | }}