33482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནས་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་བཏབ་ནས་སྐྱེ་བའི་ལོ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ནས་རིགས་རྣམས་ཀྱི་རྩ་བ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་ཞིང༌། སྡོང་པོ་ཕྲ་ལ་ཚིགས་པ་ཅན་གྱི་ཁོང་པ་སྟོང་ཞིང་འདྲོང་པོར་སྐྱེ་བ། ལོ་མ་སྔོ་ལྗང་ཅུང་ཟད་རྩུབ་པ་མདུང་རྩེའི་དབྱིབས་འདྲ་བ་རེ་མོས་རེས་མོས་སྐྱེ་བའི་སྨད་ཆས་སྡོང་པོ་བཏུམས་པ་དང༌། སྙེ་མ་མཛུབ་གང་ཙམ་པ་བརྩེགས་པ་བཞིན་ལ་འབྲུ་རེ་རེ་བཞིན་སྐྱི་ལྤགས་སྲབ་པོས་བཏུམས་པའི་རྩེར་གྲ་མ་རེ་ཡོད་པ་འབྲུ་རྣམས་སྨིན་ཚེ་མཁྲེགས་པོ་ཆགས་པ་སྟེ། འབྲུའི་ཁ་དོག་གི་དབྱེ་བས་ནས་སྔོན་དང་ནས་དཀར་སོགས་འབྱུང་བ་སྟེ། རང་ལྗོངས་ཀྱི་ཞིང་ཁུལ་དུ་བཏབ་ནས་ཐོན་སྐྱེད་བྱེད་པ། ས་བོན་དང༌། སྡོང་པོའི་ཚིགས་པ། གྲ་མ་བཅས་སྨིན་མཚམས་སུ་སོ་སོར་བཏུས་ཏེ་བསྐམས་ནས་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ལ་བསིལ་བ། ནས་དཀར་གྱིས་ལུས་སྟོབས་རྒྱས་པ་དང་རོ་ཙ་བརྟས་པར་བྱེད་ཅིང༌། གཅིན་ནད་དང༌། ཚིལ་ནད། མཁྲིས་པའི་ནད། བད་ཀན་གྱི་ནད། ཆམ་ཚད། ལུད་པ་དང་དབུགས་མི་བདེ་བ། ད་རྒན་དང༌། ལྷོག་པའི་ནད་སོགས་ལ་ཕན་པ་དང༌། ནས་ཚིགས་ཀྱིས་ཆང་མ་ཞུ་བ་སེལ་བར་བྱེད་ཅིང༌། ནས་སྔོན་གྱིས་བྱིས་པའི་གློ་ཚད་དང༌། གློ་བའི་ཚ་སུབ་དང༌། རྒྱུ་གཟེར་ལ་ཕན་པ་དང༌། ནས་ནག་གིས་རྨ་དང་ཤུ་བ་གདོན་ལ་ཕན། ནས་རྒོད་ནི་ནས་དམར་ཡིན་པས་ནུས་པ་གཞན་དག་ལས་དམན་པ་ཡིན། ད་རྒན་ཏེ་ཡུག་པོ་ཡིན་པས་ལྐོག་མའི་ནད་དང་པགས་ནད་སེལ་བ། སྨྱིག་མའི་ནས་འབྲས་ཏེ་སྨྱུག་མའི་ནས་ཞེས་དེ་ཉིད་དུ་བསྟན་པ་ལས་ངོ་བོ་གང་ཡིན་མི་གསལ། ནས་སྔོན་བསྲེགས་པས་གློ་བའི་ནད་ལ་ཕན་པ། ནས་གཞན་ལྕི་བསིལ་སྣུམ་ལ་མངར་བས་ལུས་ཀྱི་སྟོབས་སྐྱེད་པར་བྱེད་པའོ། །
Keyword True

{{#arraymap:ནས་

|; |@@@ | | }}

ནས་ (2)
Part of speech མིང་ཚིག
Definition མངོན་པ་མཛོད་དུ་ཤིག་བདུན་འདུས་པ་ལ་ནས་གཅིག་གི་ཚད་ཡོད་ཅེས་ཚད་འཇལ་བྱེད་ཚད་གཞི་ཞིག་ལ་ཟེར།

{{#arraymap:ནས་

|; |@@@ | | }}

ནས་ (1)
Part of speech ཕྲད་ཚིག
Definition འབྱུང་ཁུངས་སྟོན་པ། འདི་ནི་དངོས་པོ་གང་ཞིག་གང་ལས་བྱུང་བ། གང་ནས་འོང་བ། གང་ནས་བླངས་པ། གང་ལས་བྲལ་བ། གང་ལ་བརྟེན་ནས་བྱས་པ་སོགས་གསལ་བར་བྱེད་པའི་ཚིག་སྟེ། སྦྱོར་ཚུལ་རྗེས་འཇུག་རྣམས་ཀྱི་མཐར་ཁྱད་མེད་དུ་འཇུག་གོ།
Keyword True
Example ས་འོག་ནས་བྱུང། སྒམ་ནང་ནས་སྐྱེས། རི་རྩེ་ནས་བབས། རྟ་ཐོག་ནས་ལྷུང་ལྟ་བུ།

{{#arraymap:ནས་

|; |@@@ | | }}

ནས་ (2)
Part of speech ཕྲད་ཚིག
Definition རྒྱུ་རྐྱེན་སྟོན་པ། དངོས་པོ་གང་ཞིག་རྒྱུ་ཅི་ལས་གྲུབ་པ། བྱ་བ་གང་ཞིག་རྐྱེན་གང་ལས་བྱུང་བ། དོན་གང་ཞིག་རྟགས་གང་ལས་ཤེས་པ་སོགས་གསལ་བར་བྱེད་པའི་ཚིག་སྟེ། སྦྱོར་ཚུལ་རྗེས་འཇུག་མ་ལྟོས་པར་རང་དབང་དུ་འཇུག་པ་ཡིན།
Keyword True
Example འབྲས་བུ་སྨིན་ནས་ལྷུང། ཡོན་ཏན་བསླབས་ནས་ལོབས། དོན་བརྟགས་ནས་ཤེས་ལྟ་བུ།

{{#arraymap:ནས་

|; |@@@ | | }}

ནས་ (3)
Part of speech ཕྲད་ཚིག
Definition སྤྱི་ལས་བྱེ་བྲག་ཏུ་འབྱེད་པའམ། རིགས་མཐུན་དངོས་པོ་གཞན་ལས་ཁྱད་པར་འབྱེད་པའི་ཚིག་ལ་འཇུག་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་པ་ཡིན།
Keyword True
Example ཤིང་གི་ནང་ནས་ཙན་དན་བཟང་། འོ་མའི་ནང་ནས་འབྲུ་འོ་སྣུམ་བཅུད་ཆེ། བྱ་བའི་ནང་ནས་གཞན་དོན་བྱེད་པ་བཟང་ལྟ་བུ།

{{#arraymap:ནས་

|; |@@@ | | }}

ནས་ (4)
Part of speech ཕྲད་ཚིག
Definition མཚམས་འཛིན་གྱི་དོན་སྟོན་པ། འདི་ནི་ཡུལ་དང་། དུས་དང་། དངོས་པོ་སོགས་ཀྱི་ཚད་གང་ནས་བཟུང་སྟེ། གང་ལ་ཐུག་གི་བར་གྱི་མཚམས་བཟུང་བའི་ཚིག་སྟེ། སྦྱོར་ཚུལ་རྗེས་འཇུག་མ་ལྟོས་པར་རང་དབང་དུ་འཇུག་པ་ཡིན།
Keyword True
Example མགོ་ནས་རྐང་པའི་བར། ཚེས་གཅིག་ནས་བཅོ་ལྔའི་བར། རྔ་བ་ནས་ལྷ་སའི་བར་ལྟ་བུ།

{{#arraymap:ནས་

|; |@@@ | | }}

ནས་ (5)
Part of speech ཕྲད་ཚིག
Definition བྱ་བའི་རང་བཞིན་དང་ཁྱད་པར་སྟོན་པ། འདི་ནི་ཚུལ་ཇི་ལྟར་བྱ་བ་བྱས་པ་དང་། དོན་གྱི་རང་བཞིན་ཇི་ལྟར་གནས་པ་སོགས་གསལ་བར་བྱེད་པའི་ཚིག་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་པ་ཡིན།
Keyword True
Example གཏིང་ནས་ཤེས། རྩད་ནས་ཕྱུངས། སེམས་བདེ་བའི་ངང་ནས་བསྡད། རིམ་གྱིས་འགྱུར་ནས་སོང་ལྟ་བུ།

{{#arraymap:ནས་

|; |@@@ | | }}

ནས་ (6)
Part of speech ཕྲད་ཚིག
Definition དོན་གྱི་གཞི་རྩ་སྟོན་པ། འདི་ནི་གཞི་རྩ་གང་ལ་བརྟེན་ནས་བྱས་པ་གསལ་བྱེད་ཀྱི་ཚིག་སྟེ། སྦྱོར་ཚུལ་རྗེས་འཇུག་མ་ལྟོས་པར་རང་དབང་དུ་འཇུག་པ་ཡིན།
Keyword True
Example སྤྱོད་པའི་སྟེང་ནས་གཞིགས་ན། འདིའི་ཕྱོགས་ནས་བཤད་ན། རྟགས་ཀྱི་སྒོ་ནས་དབྱེ་ན་ལྟ་བུ།

{{#arraymap:ནས་

|; |@@@ | | }}

ནས་ (7)
Part of speech ཕྲད་ཚིག
Definition བྱ་བ་གང་ལས་བྱུང་བར་སྟོན་པ། འདི་ནི་བྱ་བ་བྱེད་པའི་རྩོལ་བ་གང་ལས་བྱུང་བ་གསལ་བྱེད་ཀྱི་ཚིག་སྟེ། སྦྱོར་ཚུལ་རྗེས་འཇུག་ལ་མ་ལྟོས་པར་རང་དབང་དུ་འཇུག་པ་ཡིན།
Keyword True
Example བཀྲ་ཤིས་ནས་བརྩམས། གཞུང་ཕྱོགས་ནས་བསྒྲགས། ཚེ་རིང་ནས་བསྒྱུར་ལྟ་བུ།

{{#arraymap:ནས་

|; |@@@ | | }}