3367

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་སྐོང་བར་འོས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གང་ཟག་དེ་ལ་ལས་ཀྱི་ཁ་སྐོང་བར་འོས་པའི་འོས་ཆོས་བཅུ་གསུམ་པོ་དང་ལྡན་ན་དེ་ཉིད་ལས་ཀྱི་ཁ་བསྐང་དུ་འོས་པ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ཁ་སྐོང་བར་འོས་པ་ལ་ཆོས་དུ་མ་དང་ལྡན་པ་དགོས་ཏེ། མི་འདུག་པར་འགྲེང་བ་མིན་པ། གང་ལ་སྐྲད་པ་སོགས་ཀྱི་ལས་བྱ་བ་མ་ཡིན་པ། འདུན་པ་དང་ཡོངས་དག་ཕུལ་བ་མ་ཡིན་པ། བསྙེན་པར་མ་རྫོགས་པ་མ་ཡིན་པ། ཕམ་པས་ཉམས་པ་མ་ཡིན་པ། མཚམས་མེད་བྱས་པ་མ་ཡིན་པ། ལྟ་ངན་དྲུག་ཅུ་རྩ་གཉིས་གང་རུང་དང་ལྡན་པའི་སྡིག་ལྟ་ཅན་མ་ཡིན་པ། ས་གཞན་ཆད་ལས་ལ་གནས་པ་མ་ཡིན་པ། འཁྲུལ་བཅས་མ་ཡིན་པ། མཚམས་གཞན་ན་གནས་པ་མ་ཡིན་པ། དཀོན་མཆོག་གཞན་མ་ཡིན་པ། རང་བཞིན་དུ་མི་གནས་པ་མ་ཡིན་པ། མཚན་མི་མཐུན་པ་མ་ཡིན་པ་སྟེ་བཅུ་གསུམ་ཚང་དགོས་པའི་ཕྱིར། དེ་རྣམས་མདོ་ལས་གསུངས་ཚུལ་ཡོད་དེ། མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ། །གང་ལ་བྱ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིན་པ་ཉིད་དོ། །བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་། མཚམས་མེད་པ་བྱས་པ་དང་སྡིག་པའི་ལྟ་བ་ཅན་དང་ས་གཞན་ན་གནས་པ་དང་ཐ་དད་པར་གནས་པ་རྣམས་ཀྱང་མ་ཡིན་ནོ། །འཁྲུལ་པ་དང་བཅས་པ་ཡང་ངོ་ཞེས་འབྱུང་བས་སོ། །ཐ་དད་དུ་གནས་པ་ཞེས་དེ་མ་ཡིན་པ་དགོས་པར་གསུངས་པ་ནི། ཆོས་མིན་ཕྱོགས་པས་ལས་བྱེད་པ་བསྡུ་བའི་དབང་དུ་མཛད་པ་སྟེ། ཆོས་ཕྱོགས་པས་ལས་བྱེད་ན་དེ་མི་དགོས་པའི་ཕྱིར། འཁྲུལ་བཅས་མ་ཡིན་པ་དགོས་པར་གསུངས་པའི་དོན་ཡོད་དེ། མདོར། བསྡམ་པར་བྱ་བས་ཀྱང་ཡིན་གྱི་བཤགས་པར་བྱ་བ་འབའ་ཞིག་གིས་ཡིན་པར་མ་ཟད་དོ། །ཞེས་འབྱུང་བ་ལས་ན། བསྡམ་བྱའི་ཉེས་བྱས་ཚུན་ཆད་ཀྱིས་མ་གོས་པ་ཞིག་དགོས་པའི་དོན་ཡིན་པའི་ཕྱིར། འོ་ན། དེ་ལྟ་བུ་ཤིན་ཏུ་དཀའ་བས་ལས་འཆགས་པར་ཇི་ལྟར་འགྱུར་ཞེ་ན། སྐྱོན་མེད་དེ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་པའི་མདོས། ལྟུང་མཐུན་བྱིན་བརླབས་བྱས་པས་དག་པ་སྟེ་ལས་ལ་མི་སྒྲིབ་པའི་ཕྱིར། བྱིན་བརླབས་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱེད་དོ། །རྣམ་པ་ཐམས་ཅད་དུ་དག་པར་འགྱུར་བ་ནི་མ་ཡིན་ཏེ། ནུས་པ་ཉིད་ཡིན་ན་མི་འགྱུར་རོ་ཞེས་པའི་མདོས། ལྟུང་བ་དེ་བཤགས་པར་ནུས་པ་ཉིད་ཡིན་ན། བྱིན་གྱིས་བརླབས་པས་དག་པར་མི་འགྱུར་བར་བསྟན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཁ་སྐོང་བར་འོས་པ་

|; |@@@ | | }}