33691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནི་གུ་དོན་ཡོད་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་ ༡༧༢༧ ལོར་མདོ་སྨད་བླ་བྲང་གནམ་ལ་ཞེས་པར་འཁྲུངས། ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། འབེ་བསྟན་འཛིན་རྒྱ་མཚོའི་ཞབས་ཕྱིར་སོག་ཡུལ་ཨ་རུ་ཧོར་ཆེན་དུ་ཕེབས། འབེ་རིན་པོ་ཆེ་དེ་གར་གཤེགས་རྗེས་དགོངས་རྫོགས་སོགས་ཞབས་ཏོག་འགྱུར་ངེས་མཛད། ཕྱག་རྫས་རྣམས་ཆུད་མི་འཛའ་བའི་ཐབས་མཁས་མཛད། བླ་བྲང་བཀྲ་ཤིས་དུ་མང་འགྱེད་གྱ་ནོམ་པ་བསྒྲུབས། དབུས་གཙང་དུ་ཕེབས། ཆོས་སྡེ་སོ་སོར་བསྙེན་བཀུར་དང་། གོང་ས་ཡབ་སྲས་ལ་བསྔོ་རྟེན་ཕུལ། སྒོ་མང་གྲྭ་ཚང་དུ་ཅུང་ཟད་བཞུགས། སློབ་གཉེར་མཛད། ཕྱིར་མདོ་སྨད་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གྱི་འཕྲོ་སྐྱོང་བར་ཕེབས། གྲྭ་ཚང་གི་དགེ་བསྐོས་དང་། ཚོགས་ཆེན་ཞལ་ངོ་སོགས་ཀྱི་འགན་བཞེས། དུས་འཁོར་རྡོ་རྗེ་འཛིན་པ་དང་། དཔོན་སློབ་གཉིས་སྦྲགས་ནས་ལོ་བཅུ་ལྷག་མཛད། །དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་མཆོད་དང་། སྒྲ་དང་རྩིས་སོགས་རིག་གནས་ཀྱི་སློབ་རྒྱུན་བཙུགས། ཁྲི་མཛོད་དགེ་སྟོད་དུ་རྒྱུན་རིང་དུ་བཞུགས། བཀྲ་ཤིས་འཁྱིལ་དུ་ཕེབས། འདས་ལོ་མི་གསལ། བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་དྲུག་པ་ཡིན།

{{#arraymap:ནི་གུ་དོན་ཡོད་ཚུལ་ཁྲིམས་

|; |@@@ | | }}