34060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུ་མགོ་རྒྱལ་བ་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ས་འབྲུག་ཕྱི་ལོ་ ༡༣༢༨ ལོར་རབ་སྒང་རྨུ་པའི་ཡུལ་དུ་ཡབ་འབུམ་སྐྱབས་དང་། ཡུམ་ཐར་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱད་པར་དབུ་སེ་དབོན་པོ་ཆོས་ཀྱི་བླ་མ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། ཡིག་རྩིས་སོགས་མཁྱེན། བཅུ་བཞི་པར་དབུས་གཙང་དུ་ཕེབས། གསང་ཕུ་ཆོས་གྲྭར་སློབ་གཉེར་མཛད། གྲུབ་ཐོབ་བསྟན་འཛིན་བཟང་པོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། སྐྱོར་མོ་ལུང་གི་བླ་མ་འཇམ་དབྱངས་སྐྱབས་དང་། བུ་སྟོན་རིན་ཆེན་གྲུབ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྒྱལ་སྲས་དངུལ་ཆུ་ཐོགས་མེད། སྣར་ཐང་བློ་བཟང་གྲགས་པ། དཔའ་བོ་བློ་གྲོས་བརྟན་པ། གཡག་སྡེ་པཎ་ཆེན་སོགས་བསྟེན། ཚད་མ་རྣམ་འགྲེལ་དང་། ཤེར་ཕྱིན། མངོན་པ་མཛོད། དུས་འཁོར། ཀྱེ་རྡོར། བདེ་མཆོག ལམ་འབྲས། བྱམས་ཆོས་སྡེ་ལྔ། མངོན་པ་མཆིམས་མཛོད། ཚད་མ་རིགས་གཏེར། འདུལ་བ་མདོ་རྩ། སྙན་ངག་མེ་མོང་། སྦྱོར་དྲུག་སོགས་ལ་ཐོས་བསམ་རྒྱ་ཆེར་གནང་། གཙང་དུ་གྲྭ་སྐོར་མཛད་པས་གྲགས་པ་རྒྱས། སོ་བདུན་པར་རང་ཡུལ་རབ་སྒང་དུ་བྱོན། ཆོས་ཐོག་བཞི་རེར་ཕར་ཚད་འདུལ་མངོན་རེ་མོས་ཀྱིས་ཁྲིད། གསུང་རྩོམ་ནི་ལུང་སྦྱོར་ཀུ་མུད་ཏའི་ཕྲེང་བ་དང་། དཀའ་བཞི་པའི་ཆོས་འཁོར་དུས་ཀྱི་བསྟན་རྩིས་ཕལ་ཆེར་གྱི་རིགས་གཞུང་གཞལ་མའི་མེ་ལོང་། ཚད་མ་རྣམ་འགྲེལ་གྱི་སྦྱོར་ཊིཀ་ཚད་མའི་མཚན་ཉིད་གསལ་བའི་མེ་ལོང་། དགེ་འདུན་ཉི་ཤུའི་མཚན་ཉིད་ཕྲེང་བ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་མཚན་ཉིད་བྱུང་ཚུལ་ནོར་བུའི་ཕྲེང་བ། གྲུབ་མཐའི་རབ་འབྱེད་གསལ་བའི་མེ་ལོང་དོན་གྱི་སྙིང་པོ། ཤེར་སྙིང་འགྲེལ་བ། བསྟོད་ཚོགས་གནས་བསྟོད། ལྷ་བྱ་ཕུག་རོན་དང་གཏམ་དུ་བྱ་བ་མེ་ཏོག་ཆུན་པོ་སོགས་མང་། རབ་བྱུང་དྲུག་པའི་མེ་སྟག་ཕྱི་ལོ་ ༡༣༨༦ ལོར་སྐུ་གཤེགས། མི་ཉག་མཁས་དབང་མི་ལྔའི་ཡ་གྱལ་ཞིག

{{#arraymap:ནུ་མགོ་རྒྱལ་བ་རིན་ཆེན་

|; |@@@ | | }}