34091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་ཆོས་རྒྱལ་གསུམ་པ་ཆོས་རྒྱལ་བསྟན་འཕེལ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ནུབ་དགོན་ཆོས་རྒྱལ་སྐུ་ཕྲེང་གསུམ་པ་ཆོས་རྒྱལ་བསྟན་འཕེལ་རྒྱ་མཚོ་མཆོག་ནི། ཁམས་སྤྲུལ་གསུམ་པ་དང་དུས་མཉམ་པས། (ཁམས་སྤྲུལ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཕྱི་ལོ་ ༡༦༨༠ ལོར་འཁྲུངས) དེའི་ཡས་མས་ཙམ་ལ། མགར་སྟོང་ཁྱི་ལོད་ཚང་གི་བུ་ཞིག་དང་། རྒྱས་ཕན་ཚང་གི་བུ་མོ་ཞིག་ལ་མཚན་དཔེའི་པད་དཀར་བཞད་པར་བཤད། ཡུམ་ལས་འཁྲུངས་མ་ཐག་ཨ་རཱ་པ་ཙའི་སྔགས་སྒྲ་དང། ལྗགས་ལ་ཨཱཿཡིག་རང་བྱོན་སོགས་དམ་པའི་མཚན་རྟགས་འཁྲུལ་མེད་ཅིག་ཡོད་པར་གྲགས། (མཐུ་ཆེན་གསུམ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་གི་སློབ་ཆེན་གྱི་གྲལ་དུ་ནུབ་དགོན་པ་ཞེས་གསལ་བ་འདི་ཉིད་ཡིན། ) སྐྱེས་ཆེན་འདི་ཉིད་ཀྱི་དུས་སུ། དགེ་འདུན་འདུས་པའི་སྡེ་ཡང་རབ་ཏུ་རྒྱས་ཤིང་། མི་མང་གི་ཤོད་སྲོལ་ལ། རྫོང་ཆེན་རྫོང་ཆུང་བླ་མའི་རྫོང། །ཅི་རས་ཕུག་པ་ཇོ་མོའི་རྫོང་། །ཞེས་འདུས་པའི་སྡེ་མང་ཙམ་ཚུགས་པར་བཤད། དེ་དུས་དགོན་སྡེ་འདི་ཉིད་ལ་མ་དགོན་ཁམས་སྒར་ཇི་ལྟ་བུའི་བདེ་ཕག་གཉིས་ཀྱི་སྒྲུབ་པ་དང། མགོན་པོ་སྒྲུབ་མཆོད། བླ་མ་མཆོད་པ་ལྷན་ཐབས་ཀྱི་སྒྲུབ་མཆོད་སོགས། ཁམས་སྒར་རང་ལུགས་དྲི་མ་མེད་པའི་འདོན་ཆོག་རྣམས་ཀྱི་སྲོལ་དབུ་འཛུགས་གནང། ལོ་མང་རིང་ཐུགས་ཚེགས་འོ་བརྒྱལ་ཆེན་པོས། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དང་། ཐོག་སོའི་སྟེང་དུ་ཚོམས་ཆེན་དང། ལྷ་ཁང་། དེ་ཡི་ནང་དུ་རྟེན་གཙོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་གསེར་ཟངས་ལས་གྲུབ་པ་ཐོག་བརྩེགས་ཅན་དང་། ༼རྗེ་འདི་དགོངས་པ་མནལ་བའི་སྐབས་སུ་རྟེན་འདི་ཉིད་སྤྱན་ཆབ་ཤོར་བའི་མལ་ཞལ་ལ་རྗེས་དུས་ད་ལྟའི་བར་དུ་ཡོད་༽སྤྲུལ་པའི་གུ་རུ་མཚན་བརྒྱད་སོགས་སྤྲུལ་པའི་ལྷ་བཟོས་བཞེངས་པར་གྲགས་པའི་སྨན་འདམ་ལ་གསེར་རྩིས་གཡོག་པ་ཅན་མཇལ་བའི་མོད་ལ་སྣང་བ་བསྒྱུར་ཐུབ་པའི་སྐུ་ཚུགས་ལེགས་པ་བྱིན་ལྡན་མང་པོ་བཅས་ལེགས་གྲུབ་གནང་། གཞན་ཡང་བསྟན་སྲུང་རྣམས་ཀྱི་ཞལ་རྫོབ། འདུ་ཁང་སྟེང་འོག་ཕྱི་ནང་ཀུན་ཏུ་མཚོན་རྩི་དང་ལྡེབ་བྲིས་བཅས་བཞེངས་པར་མཛད། སྐུ་ཕྲེང་གསོལ་འདེབས་ནང་དུ། ལྷ་སྔགས་ཏིང་འཛིན་ནུས་པ་མངའ་དབང་བརྙེས། །རྡོ་རྗེ་གཏུམ་པོའི་རིག་སྔགས་མཆོག་ཏུ་གྲུབ། །ངེས་དོན་བསྟན་པ་སྤེལ་ཞིང་རྒྱས་མཛད་པ། །ཆོས་རྒྱལ་བསྟན་འཕེལ་རྒྱ་མཚོར་གསོལ་བ་འདེབས། །ཞེས་གསང་བའི་བདག་པོ་རྡོ་རྗེ་གཏུམ་པོ་གཤིན་རྗེ་ཀིང་ཀང་དམར་ཆུང་གི་སྒོ་ནས། བསྟན་དགོན་ལ་འཚེ་བའི་དམ་ཉམས་ཇག་རྐུན་རྣམས་མཐུ་དང་ནུས་པས་ཚར་བཅད་པའི་ལོ་རྒྱུས་དང་རྣམ་ཐར་ཤིན་ཏུ་མང་། ཀིང་ཀང་དམར་ཆུང་གི་སྒོ་ནས་གྲིབ་གདོན་སོགས་ཀྱི་ཁ་གནོན། བདུག་རྫས་ནག་པོ་དང། གཏུམ་པོའི་གྲིབ་འཁོར་ཕྱི་ནང་སྤེལ་མ་ཅན། གྲིབ་སྲུང་ནག་པོ་མདུད་པ་དགུ་སྒྲིལ་བཅས། ད་ལྟའི་བར་དུ་ཕྱག་རྒྱུན་བཞུགས་ཡོད། སྐུ་ཚེའི་སྨད་དུ་སྤྱི་རི་དབེན་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་བརྩོན་ཅིང་དེ་ཉིད་དུ་དགོངས་པ་གཞན་དོན་དུ་གཤེགས་པར་བཤད་སྲོལ་འདུག་གོ །

{{#arraymap:ནུབ་དགོན་ཆོས་རྒྱལ་གསུམ་པ་ཆོས་རྒྱལ་བསྟན་འཕེལ་རྒྱ་མཚོ་

|; |@@@ | | }}