34101

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་རྟོགས་ལྡན་ཚེ་དབང་རིག་འཛིན་ (1)
Part of speech མིང་ཚིག
Definition ནུབ་དགོན་རྟོགས་ལྡན་ཚེ་དབང་རིག་འཛིན་མཆོག་ནི། ཁམས་གོ་འཇོ་ལྷ་རྒྱལ་དཔལ་ལའི་མངའ་ཁོངས། མགར་སྟོང་གྲོང་ཁྱི་ལོད་ཚང་སར་ཡབ་དོན་རྒྱལ་དང་། ཡུམ་མོ་མོ་གཉིས་ཀྱི་སྲས་སུ་མེ་སྟག་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས། དུད་ཚང་ལ་བུ་དེ་ཉིད་ལས་མེད་ཀྱང་ཆེར་སྐྱེས་ནས་ནུབ་དགོན་དུ་ཆོས་ཞུགས་གནང་། དུད་ཚང་འབྱོར་ལྡན་དང་ཆེན་པོ་ཡིན་པས་ནུབ་དགོན་དུ་མི་ཐབས་ཆེ། དགོན་པའི་རིང་རྒྱུག་སོགས་འདོན་ཆོག་རྩེར་སོན་གྱི་སློབ་གཉེར་ཁམས་སྒར་དབུ་ཆེ་ཀུན་དགའ་འབྲུག་རྒྱལ་གྱི་མདུན་ནས་གསན་སྦྱང་གནང་། ཁམས་སྤྲུལ་དགུ་པ་གོ་འཇོར་ཕེབས་སྐབས་སུ་ཆིབས་རྟ་ཟི་ཧྲུག་གི་གཙོས་པའི་བརྒྱ་འབུལ་དང་། ཁམས་སྤྲུལ་རིན་པོ་ཆེ་སྒར་ནང་ཕེབས་སྐབས་སུ་ཞབས་གྲྭ་རུ་ཁམས་སྒར་ལ་ཕེབས། ས་ཁྱི་ ༡༩༥༨ རྒྱ་དམར་གྱི་དུས་ཟིང་འབྱུང་ལ་ཉེ་བའི་སྐབས། ཁམས་སྤྲུལ་རིན་པོ་ཆེ་གསང་སྟབས་ཀྱིས་རྒྱ་གར་ལ་ཕེབས་པའི་ཞབས་གྲྭར་གནང་། རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡིའི་རི་རྒྱུད་དུ་གཞིས་ཆགས་གསར་པ་གནང་བ་བཀྲ་ཤིས་ལྗོངས་སུ། འོག་མིན་ཁམས་པ་སྒར་གྱི་སྒྲིག་ཞུགས་པ་དང་། གཞི་རིམ་སློབ་གྲྭའི་དབུ་དགེ་ལོ་མང་གནང་། དེར་སྒྲུབ་སྡེ་གསར་འཛུགས་ལ་བཞུགས་སྟེ། རྟོགས་རྒན་ཆོས་ལེགས་དང་། རྟོགས་རྒན་བཟོད་པ། རྟོགས་རྒན་ཨ་འཇམ་བཅས་ལས། ན་རོ་ཆོས་དྲུག་དང་ཕྱག་ཆེན་སོགས་ཉམས་ལེན་རྡོ་རུས་ཐུག་པར་གནང་། སྐྱབས་རྗེ་ཁམས་སྤྲུལ་བརྒྱད་པའི་མདུན་ནས་རང་ལུགས་འབྲུག་པའི་དབང་ཁྲིད་ཡོད་དོ་ཅོག་བུམ་པ་གང་བྱོའི་ཚུལ་དུ་གསན་གནང་མཛད། འཇིག་རྟེན་ཆོས་བརྒྱད་རིང་དུ་དོར་ནས་རྡོར་གདན་སྨོན་ལམ་སྐབས་སུ་ཕྱག་འཛུབ་གཅིག་མེ་སྒྲོན་དུ་ཕུལ། མདོར་ན་རང་ལུགས་ཐུན་མིན་གྱི་ཡི་དམ་ལྷ་ཡོད་ཚད་ཀྱིས་སྙན་ཚད་མ་བཞག་པ་གཅིག་ཀྱང་མེད་པའི་དགེ་སྦྱོར་དོས་ཆེ་བར་གནང་། ཉིད་ཀྱི་ཐུན་མིན་ཡི་དམ་འཁོར་ལོ་བདེ་མཆོག་ལ་གནང་ཞིང་། ཤི་གསོན་གྱི་འབུལ་བ་ཡོད་ཚད་བསགས་ནས། བཀྲ་ཤིས་ལྗོངས་གཙུག་ལག་ཁང་གི་ནང་དུ། རིན་པོ་ཆེའི་སྐུ་ཚད་དང་མཉམ་པའི་བདེ་མཆོག་གི་སྐུ་སྨན་འདམ་ལས་གྲུབ་པ་བཞེངས། མདོ་ཁམས་བརྒྱད་པའི་ཡང་སྲིད་༸དཔལ་ལྡན་ངེས་དོན་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་དང་། མཐུ་ཆེ་ཆོས་མགོན་དགུ་པ་རིན་པོ་ཆེ། གྲུབ་དབང་ཚོགས་གཉིས་ཡང་སྲིད་རིན་པོ་ཆེ། མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ། ཀར་རྒྱལ་ཡང་སྲིད་སོགས་ཀྱི་ཡོངས་འཛིན་དང་། སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་དང་། ཐོ་གྲུ་གུ་ཆོས་རྒྱལ་རིན་པོ་ཆེ་སོགས་མདོར་ན་རྒྱུས་མངའ་ཞབས་བཅར་བ་ཡོད་ཚད་ཀྱིས། ཁྲིམས་གཙང་ལྷག་བསམ་ཆེ་བ་ནི་རྟོགས་རྒན་འདི་འདྲ་བའི་ཡན་ལ་མེད་པའི་བསྟོད་བསྔགས་ལན་གཅིག་མིན་པ་གནང་མཛད་འདུག ནམ་རྒྱུན་ཕོ་བའི་སྙུན་གཞི་ལྕི་མོ་ཞིག་བཞེས་ཀྱི་ཡོད་པ་དེ་ཉིད་སྡུག་ཏུ་ཕྱིན་ནས ལྕགས་ལུགས་ ༡༩༩༡ ལོར་སྒྲུབ་སྡེ་མཁའ་སྐྱོད་གླིང་དུ་དགོངས་པ་རྫོགས་འདུག

{{#arraymap:ནུབ་དགོན་རྟོགས་ལྡན་ཚེ་དབང་རིག་འཛིན་

|; |@@@ | | }}