34151

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུས་ལྡན་མཁྱེན་བརྩེའི་བློ་གྲོས་ (1)
Part of speech མིང་ཚིག
Definition མཁྱེན་རབ་ཀྱི་དབང་ཕྱུག་སེར་སྟོན་པའི་སྐུ་སྐྱེར་གྲགས་པ། རྗེ་བཙུན་མི་ལ་རས་པས་བྱིན་གྱིས་བརླབས་པའི་མཁས་པ་ཆེན་པོ་ནུས་ལྡན་མཁྱེན་བརྩེའི་བློ་གྲོས་ནི་གསེར་ཐལ་དུ་འཁྲུངས། ལྷ་གདན་གནས་གཟིགས་ཕེབས་སྐབས་སྐྱབས་རྗེ་སི་ཏུ་རིན་པོ་ཆེ་དང་ཞལ་མཇལ་མ་ཐག་སངས་རྒྱས་དངོས་མཐོང་གི་དད་པ་འཕེལ། རིན་པོ་ཆེའི་བཀའ་བཞིན་ཀཿཐོག་ཏུ་བྱོན། བཤད་གྲྭ་མཁན་པོ་ལེགས་བཤད་མཆོག་གི་མདུན་དུ་གཏུག་ནས་འཕགས་བོད་ཀྱི་གཞུང་ལུགས་ཡོངས་ལ་གསན་སྦྱོང་ལེགས་པར་མཛད། སི་ཏུ་རིན་པོ་ཆེ་དང༌། མཁན་ཆེན་ཀུན་དཔལ་སོགས་ལས་མདོ་དང་སྔགས་ཀྱི་ཆོས་ཟབ་མང་པོ་གསན། ཀཿཐོག་བཤད་གྲྭ་མཁན་པོ་ལོ་གསུམ་མཛད། གྲུབ་ཐོབ་བྱམས་པ་ཆོས་འཛིན་དང༌། འཇམ་མགོན་ཆོས་ཀྱི་བློ་གྲོས་སོགས་ལས་ཐུན་མོང་མིན་པའི་ཟབ་ཁྲིད་གདམས་པ་མ་ལུས་པ་གསན། མཐར་སྒོམ་བྱུང་གི་ཤེས་རབ་བརྡོལ་ནས། སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་ཆེན་པོད་བཞི་དང༌། རྫོགས་པ་ཆེན་པོ་ནམ་མཁའ་ཆེ། རིན་པོ་ཆེའི་གཏེར་གཏད་པ་སོགས་མདོ་དང་སེམས་ཕྱོགས་ཀྱི་བཤད་འགྲེལ་དང༌། མི་ཕམ་མཁས་འཇུག་དང་ངེས་སྒྲོན་འགྲེལ་སོགས་སྔར་ན་མེད་པའི་ཚིག་སྒྲོས་ལེགས་པ་དང༌། ལྟ་གྲུབ་ཀྱི་གནད་གསང་ཟབ་མོས་སྔར་འགྱུར་རིང་ལུགས་དྲི་མ་མེད་པ་གསལ་བར་བྱེད་པའི་བསྟན་བཅོས་པུསྟི་ཀ་དགུ་ལྷག་ཙམ་བཞུགས། ཀཿཐོག་དང་དཔལ་ཡུལ་སོགས་ངེས་མེད་ཀྱི་དགོན་པ་དང་རི་ཁྲོད་རྣམས་སུ་ཕེབས་ནས་བཤད་སྒྲུབ་ཟུང་གི་མཛད་འཕྲིན་ཧ་ཅང་རྒྱས།

{{#arraymap:ནུས་ལྡན་མཁྱེན་བརྩེའི་བློ་གྲོས་

|; |@@@ | | }}