34157

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནེ་ཁྲབ་སྟག་བསྟན་འཕེལ་རྒྱས་གླིང་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཆུ་སྤྲེལ་ཕྱི་ལོ་ ༡༢༡༢་ལོར་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་དངོས་སློབ་གདམས་ངག་རྫོགས་པར་ཐོབ་པའི་སློབ་མ་གསུམ་གྱི་ཡ་གྱལ། མདོ་ཁམས་པ་རས་ཆེན་འབོམ་དགོན་པས་ཕྱག་བཏབ་པའི་སྟག་ལུང་པའི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན། གྱིམ་ཤོད་སུམ་པ་རླངས་ཀྱི་ལྗོངས། ཁྱུང་པོ་སྟེང་ཆེན་རྗོང་ཁོངས་སུ་ཡོད་པའི་རྟ་ཤོད་ནེ་ཁྲབ་རི་བོའི་མདུན་ངོས་སུ་ཆགས་ཡོད་པ་དང་། རྗེ་སྟག་ལུང་པ་ནས་བརྒྱུད་པའི་ཕྱག་ཆེན་ཆོས་དྲུག་དང་། ཆོས་རྗེའི་རྣམ་ཐར་བཅུ་གསུམ། ཚོགས་ཀྱི་བཅའ་བ་བཅུ་གསུམ། གླིང་གི་འདུལ་ཁྲིམས་བཅུ་གསུམ། རྒྱུ་སྡེའི་ཕྱག་ལེན་སོགས་སྒོམ་སྒྲུབ་དང་ཉམས་ལེན་མཛད་ཀྱིན་ཡོད ། གཞི་གསུམ་ཕྱག་ལེན་གཙང་ཞིང་། འོད་གསལ་ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་ཞི་གནས་སེམས་འཛིན། དངོས་གཞི་ངོ་སྤྲོད་རྣམ་གསུམ། རྗེས་གེགས་སེལ་བོགས་འདོན་རྣམས་ཀྱི་གདམས་ཁྲིན་ཉམས་སུ་ལེན་ཞིང་། དགོངས་པའི་ཞེ་ཕུག་ལོན་པ། རིག་པའ་ཕུ་ཐག་ཆོད་པར་སྦྱངས་ནས་བཀའ་བརྒྱུད་སྤྱི་དང་རྒྱལ་དབང་སྟག་ལུང་པའི་ཕ་རྗེས་བུ་ཡིས་ཟིན་པ་ཞིག་ཡོད་སྐད། དགོན་པའི་ལས་སྣེ་ཆེ་ཁྲ་མཐའ་དག་ཀྱང་སྤྱི་མོ་གྱིས་བསྐོ་བཞག་བྱེད་པའི་ལམ་ལུགས་ཡོད་པ་རེད། ཚོགས་པ་མང་དུ་འཕེལ་ཞེས་པ་ལས་གནའ་དུས་སུ་འདུས་པའི་གྲངས་ཚད་གསལ་བའི་ཡིག་རིགས་ནི་མ་ཐོང་མོད། དུས་འགྱུར་གོང་ཙམ་དུ་གྲྭ་པ་དང་། སྔགས་པ་བཞི་བཅུ་ཙམ་ལ་རི་ཆེ་ནས་བཏང་བའི་བླ་བསྐོས་ཤིག་བཅས་ཡོད་པ་དང་། དགོན་འདིའི་བུ་དགོན་དུ་གྱུར་པ་རྩ་བཀག་རི་ཁྲོད་དང་། དཔལ་ལྡན་རི་ཁྲོད་ཅེས་པའི་བཙུན་དགོན་གཉིས་ཀྱང་ཡོད་པ་ཡིན་འདུག ། ས་ཁད་ཀྱི་ཆ་ནས་ཕྱིས་སུ་དགོན་འདིའི་ཁ་འཛིན་ཡང་མར་ཐང་རི་བོ་ཆེ་ནས་གནང་སྟེ། གསར་མ་གྲྭ་ཚང་སྒྲུབ་བརྒྱུད་གླིང་གི་ཁོངས་གཏོགས་སུ་ཚུད ། དུས་འགྱུར་སྐབས་དགོན་འདི་རྩ་གཏོར་ཐེབ་ཀྱང་། སྤྱི་ལོ་༡༩༨༥་ཙམ་ནས་དུག་ཆུང་ཚང་ཚེ་དཔག་དར་རྒྱས་ཀྱིས་ངལ་བ་དང་ལྷག་བསམ་དྭང་དུ་བླངས་དུ་འབད་པ་དུ་མས་དགོན་འདི་བསྐྱར་བཞེངས་གང་ལེགས་བྱུང་མོད། འོན་ཀྱང་འགྲིམ་འགྲུལ་དང་། དགོན་སྡེའི་དཔལ་འབྱོར། ས་བབ་ཀྱི་གནས་སྟངས་སོགས་ཀྱིས་རྐྱེན་པས་སྔོན་དུས་བཞིན་གྲུབ་མེད་ཀྱང་རྒྱུན་མཐུན་ནས་བཞེངས་སྐྲུན་ལ་འབད་པའི་ངང་གནས་སོ། །དགོན་འདིའི་ནང་རྟེན་ལ་སྔོན་དུས་སྟོན་པ་རྡོར་ཅན་གྱི་སྐུ་གླང་དར་ཁྲིམས་ཕོག་མ་དང་། རྒྱ་གར་ཤར་ལེ་ལས་གྲུབ་པའི་བདེ་མཆོག་དང་སྤྱིན་རས་གཟིགས། སྒྲོལ་མའི་སྐུ་བཅས་དང་། རི་ཆེ་ཡང་དགོན་ནས་བྱུང་བའི་ཕྱག་སྟོང་སྤྱིན་སྟོང་སོགས་མང་དུ་ཡོད་འདུག་ཅིང་། ད་ཡོད་ནི་དུར་ཁྲོད་བསིལ་ཚལ་གྱི་རྡོ་ནག་ལས་གྲུབ་པར་གྲགས་པའི་མགོན་པོ་ཕྱག་བཞིའི་པའི་སྐུ་དང་། དུད་སོལ་ལྷ་མོའི་སྐུ། རྒྱ་གར་ཤར་ལེ་ལས་གྲུབ་པའི་སྟག་ལུང་ཐང་པ་དང་ཕག་མོ་གྲུབ་པ། སྤྱིན་རས་གཟིགས་ཕྱག་བཞི་པ་སོགས་ཀྱི་སྐུ་དང་། སྣང་མཛད་དང་མི་འཁྲུགས་པའི་མདུན་དཀྱིལ་བཅས་སོགས་ཡོད་འདུག་ཅིང་། དེང་སྐབས་དགོན་འདིར་སྒུབ་པ་ཚོགས་སྐབས་སྔགས་པ་བདུན་ཅུ་ཙམ་རེ་འཛོམས་པ་དང་དགོན་པར་བདག་གཉེར་བྱེད་མཁན་གཏན་སྡོད་རེ་ཟུང་ཡོད་སྐད་ཐོས་པ་བཅས་སོ ། །། །

{{#arraymap:ནེ་ཁྲབ་སྟག་བསྟན་འཕེལ་རྒྱས་གླིང་

|; |@@@ | | }}