34199

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནེ་ལེ་ (1)
Part of speech མིང་ཚིག
Definition འོལ་བ་དང་དོན་གཅིག་སྟེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་བཤད་པ་ལས། འོལ་བ་ནི་བྱ་ནེ་ལེའོ། །ཞེས་གསུངས་པ་ལྟར། དབྱིབས་ཕལ་ཆེར་ཁྲ་དང་བྱ་གླག་འདྲ་ཡང་། རྔ་སྒྲོ་ཉིས་ཚེབ་ཡིན་པ་ཁྲ་དང་མི་འདྲ་བ་དང་། བྱ་གླག་དང་འདྲ་ལ་དེ་ལས་ཅུང་ཟད་ཆུང་བར་མགོ་བོ་ཆུང་ཞིང་མཆུ་ཐུང་ལ་སུག་ཀྱང་ཐུང་བ། འགྲམ་པའི་གཡས་གཡོན་དང་སོག་ལྡེབས་ཁམ་སྐྱ་ཡིན་ཞིང་། གཤོག་སྒྲོ་དང་མཇུག་མ་ཁམ་སེར་མདོག་ལ་ཚེས་དབྱིབས་ཀྱི་རྣམ་པ་ཅན་ཡིན། ཡུལ་མིང་པིང་སྐྱུར་མ་ཡང་ཟེར་ཞིང་དཔྱིད་ཀ་དྲོད་སླེབས་དུས་བྱ་འདི་ཡོང་ནས་སྐད་འབྱིན་པར་བྱེད་པ་ཡིན། རྒྱུན་དུ་འཚོ་གནས་བྱེད་ཡུལ་དགུན་དུས་ས་བབ་དམའ་ལ་དྲོད་ཆེ་བར་སྡོད། དཔྱིད་དུས་ནས་སྟོན་མཇུག་བར་ཞིང་འགྲམ་དང་གྲོང་སྡེའི་ཉེ་འདབས་ཀྱི་སྤང་ལྗོངས་དང་ཤིང་སྡོང་གི་སྟེང་དུ་སྡོད་པ་ཡིན། མཁའ་དབྱིངས་སུ་ལྡིང་འཁོར་རྒྱག་ཅིང་འཕུར་དུས་གཤོག་རྡེབ་མང་པོ་མི་བྱེད་པར་འཕུར་ཡུན་ཧ་ཅང་རིང་པོ་ཡོད། མིག་ཧ་ཅང་རྣོ་བས་ས་ཐོག་ཏུ་ཡོད་པའི་ཁྱིམ་བྱའི་ཕྲུ་གུ་སོགས་སྲོག་ཆགས་ཆུང་རིགས་མཐོང་ཚེ་མར་བཅུམ་འོང་སྟེ་བཟུང་ནས་ཁྱེར་ཏེ་ཟ་བ། སྐབས་འགར་སྲོག་ཆགས་ཤི་བའི་རོ་ཡང་ཟ་བ་ཡིན། ནགས་གསེབ་ཀྱི་ཤིང་སྡོང་ཆེན་པོའི་སྟེང་ཚང་ཡང་བཟོ་བའོ། །

{{#arraymap:ནེ་ལེ་

|; |@@@ | | }}

ནེ་ལེ་ (2)
Part of speech མིང་ཚིག
Definition སྲེ་མོང་དང་དོན་གཅིག གྲ་སྤུ་སེར་སྨུག་དང་ལྡན་ཞིང་། རི་སྐྱེས་སྲོག་ཆགས་གཟུགས་པོ་ཕྲ་ལ་རིང་བ། སུག་བཞི་ཐུང་ཞིང། སྲོག་ཆགས་ཆུང་རིགས་བསད་ནས་ཟ་མཁན་ཞིག དེང་སང་ཡུལ་སྐད་འགར་སྲེ་མོང་ཟེར་བ་བཟོ་དབྱིབས་བྱི་བ་དང་འདྲ་བ་ལ་ལུས་བོང་དེ་ལས་ལྡབ་གཅིག་ཙམ་ཆེ་ཞིང་ཁྲུང་ཁྲུང་དང་ངང་པ་སོགས་བསད་ནས་ཟ་མཁན་གྱི་སྲོག་ཆགས་འགྲོ་ན་མགྱོགས་ལ་རྩིག་པ་སོགས་ལ་གྱེན་དུ་འཛེགས་ཐུབ་པ་ཞིག་ཡོད་པ་དེ་ཡིན་ཚུལ་རྣམ་ཐོས་སྲས་ཀྱི་བེའུ་བུམ་ཟིན་བྲིས་ལས་བཤད།

{{#arraymap:ནེ་ལེ་

|; |@@@ | | }}