34229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནེཻ་གུ་ཆོས་དྲུག་གི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ནཻ་གུ་ཆོས་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་དྲུག་པ་ཡིན། བརྗོད་བྱ་ནི། མཁའ་འགྲོ་ནི་གུ་མ་ནས་གྲུབ་ཆེན་ཁྱུང་པོ་རྣམ་འབྱོར་ལ་བརྒྱུད་པའི་ཟབ་ཆོས་ནེ་གུ་ཆོས་དྲུག་གི་རྣལ་འབྱོར་སྒོམ་ཚུལ་གྱི་རིམ་པ་མདོར་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་མཁའ་འགྲོ་ནི་གུ་མ། ཁྱུང་པོ་རྣལ་འབྱོར་རྨོག་ལྕོག་སྒྱེར་སྒང་པ། གཉན་སྟོན་སངས་རྒྱས་སྟོན་པ་ཤངས་སྟོན་རྗེ། ཁྱུང་པོ་ཚུལ་མགོན་རི་ཁྲོད་རས་ཆེན་པ། ཤངས་དཀར་རིན་རྒྱལ་སྐུང་ལུངས་སངས་རྒྱས་དཔལ། ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་རྒྱལ་མཚན། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། བསམ་སྡང་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བསྡུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ནེཻ་གུ་ཆོས་དྲུག་གི་ཁྲིད་

|; |@@@ | | }}