34491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པ་གོར་བཻ་རོ་ཙ་ན་རཀྵི་ཏ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་དཀྱིལ་དུ་བྱུང་བའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག བཻ་རོ་ཙ་ན་ཞེས་པ་བོད་སྐད་དུ་བསྒྱུར་ན་རྣམ་པར་སྣང་མཛད་ཟེར། བོད་རྗེ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པ་ཡོངས་གྲགས་ཀྱི་མཁས་པ་རྣམས་ཞལ་མཐུན། ཕྱི་ལོའི་དུས་རབས་བརྒྱད་པའི་སྟོད་དུ་ཉང་གཙང་ཆུ་བོ་འདྲེས་པའི་ཡུལ་ཟངས་དཀར་དུ་ཡབ་པ་གོ་ཏ་རྡོ་རྗེ་རྒྱལ་པོ་དང་། ཡུམ་བྲན་ཀ་བཟའ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། མཚན་ལ་རྣམ་པར་སྣང་མཛད་ཅེས་གསོལ། སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡང་ཡིན། རྔོག་བློ་ལྡན་ཤེས་རབ་ཀྱིས་བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། ཞེས་བསྔགས་བརྗོད་མཛད། སློབ་དཔོན་པདྨ་འབྱུང་གནས་ལས་བཀའ་བརྒྱད་ཀྱི་དབང་ཞུས། སྒོམ་སྒྲུབ་ཉམས་ལེན་མཛད་པས་གྲུབ་པ་བརྙེས། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས་བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན། ཞེས་གསུངས། རྒྱ་གར་གྱི་ཡུལ་ཕྱོགས་དུ་མར་ཕེབས་ཏེ། སློབ་དཔོན་མང་པོ་བསྟེན་ནས་གསང་ཆེན་རྙིང་མའི་སེམས་སྡེ་དང་ཀློང་སྡེ་དར་བར་མཛད། སློབ་མ་གྲགས་ཆེ་བ་ནི་སྤང་མི་ཕམ་མགོན་པོ་ཡིན། བན་བོན་གཉིས་ཀྱི་འཐབ་རྩོད་ཁྲོད་ནས་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་སོགས་ཀྱི་ཐུགས་ལ་མ་བབས་ནས་རྒྱལ་མོ་ཚ་བ་རོང་དུ་རྒྱང་ཕུད་བཏང་བའི་ལོ་རྒྱུས་ཀྱང་མཆིས། རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྣལ་འབྱོར་མའི་སྒྲུབ་ཐབས་དང་། རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ། སོ་སོར་ཐར་བའི་འགྲེལ་བ་འདུལ་བ་བསྡུས་པ། རིགས་པ་གྲུབ་པའི་སྒྲོན་མ་བཅས་བཞུགས།
Foreign རྒྱ་གར།

{{#arraymap:པ་གོར་བཻ་རོ་ཙ་ན་རཀྵི་ཏ་

|; |@@@ | | }}