34943

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་དྲུག་པའི་ས་སྟག་ཕྱི་ལོ ༡༩༣༨ ལོར་མདོ་སྨད་བིས་མདོ་མ་རུ་ཡབ་མགོན་པོ་ཚེ་བརྟན་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་མགོན་པོ་ཚེ་བརྟན་ཞུ། དགུང་ལོ་བདུན་པར་བརྟག་བསྒྲིལ་ལམ་ནས་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་དུ་ངོས་བཟུང་། སྐུ་འབུམ་དགོན་པར་གདན་འདྲེན་ཞུས། དངུལ་ཆུ་རིན་པོ་ཆེ་དང་། བཀའ་ཆེན་ཨང་ཉི་མ་སོགས་བསྟེན། གཞུང་ཆེན་བཀའ་པོད་ལྔར་ལེགས་པར་སྦྱངས། བཅུ་བཞི་བར་དབུས་སུ་ཕེབས། རྒྱལ་བ་ཡབ་སྲས་མཇལ་བའི་བསྐལ་བཟང་ཐོབ། བཅོ་བརྒྱད་པར་བྱང་ཆུབ་ལམ་རིམ་ཆེན་མོའི་ལྗགས་ལུང་གནང་། དགུང་ལོ་ཉེར་བཞི་བར་བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་ཡིག་འབྲུ་ཁྲི་བདུན་མཛད། རྐྱེན་དེས་བཙོན་ཁང་དུ་ལོ་བཅོ་ལྔ་ལྷག་བཞུགས་དགོས་བྱུང་། ཞེ་གཉིས་པར་བོད་མིའི་བདེ་སྡུག་དང་། ཆོས་རིག་གི་གནས་སྟངས་ལ་གཟིགས་ཞིབ་སླད། བོད་ཁམས་གང་སར་ཕེབས། ཞེ་དགུ་པར་པེ་ཅིན་དུ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས། ང་གཅིག་པར་པེ་ཅིན་ནས་བོད་དབུས་སུ་བྱོན། པཎ་ཆེན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་ཆེན་པོ་བསྐྱར་བཞེངས་མཛད། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ཕྱི་ལོ ༡༩༨༩ ལོའི་ཟླ་བ ༡ ཚེས ༢༨ ཉིན་བཀྲ་ཤིས་ལྷུན་པོར་སྐུ་གཤེགས།
Synonyms པཎ་ཆེན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན།

{{#arraymap:པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་

|; |@@@ | | }}