34952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་ལྷ་དབང་བློ་གྲོས་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་དངོས་སློབ་པཎ་ཆེན་ལྷ་དབང་བློ་གྲོས་མཆོག་ནི། རབ་བྱུང་དགུ་པའི་ལྕགས་ཁྱི་ ༡༥༥༠ ལོར་འཁྲུངས། གཙང་རྒྱལ་བྱེད་ཚལ་གྱི་སྔགས་གྲྭར་ཞུགས་ནས་གསང་སྔགས་བླ་མེད་ཀྱི་རྒྱུད་མཐའ་དག་ལ་སྦྱངས། ཁྱད་པར་དུས་ཀྱི་འཁོར་ལོ་ལ་འགྲན་ཟླ་མེད་པར་རྩི། སྒྲ་སྙན་ངག་སྐར་རྩིས་སོགས་རིག་གནས་པ་ཆེན་པོར་གྱུར། ཀུན་མཁྱེན་གྱི་ཞལ་སྔ་ནས་བསྙེན་པར་རྫོགས་ཤིང༌། དབང་རྒྱུད་བཤད་གདམས་པ་རྣམས་ཀྱང་ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་ལས་རྫོགས། དགུང་གྲངས་སོ་ལྔ་ཤིང་སྤྲེལ་ ༡༥༨༤ ལོར་རྒྱལ་བྱེད་ཚལ་གྱི་སྔགས་གྲྭའི་རྡོ་རྗེ་སློབ་དཔོན་དུ་བསྐོས། འདིའི་ཐོག་ལ་དགེ་འདུན་བརྒྱ་དང་བཞི་བཅུ་ལྷག་རྟག་པར་འདུ། དགུང་གྲངས་སོ་བདུན་པ་མེ་ཁྱི་ ༡༥༨༦ ལོར་གདན་དུས་རྩིས་གཞུང་ཆེན་མོ་བརྩམས། ཀུན་མཁྱེན་ཞབས་ཀྱི་གསུང་གི་གསང་བ་ལས་བྱུང་བའི་དུས་འཁོར། བདེ་མཆོག དགྱེས་རྡོར། གསང་འདུས་སོགས་དཀྱིལ་ཆོག་མང་དུ་བཙུགས། དཔལ་འཁོར་ལོ་སྡོམ་པའི་བློས་བསླངས་བཞེངས། རྒྱལ་བའི་དབང་པོའི་སྐུ་མཆོད་ཆེན་མོའི་དུས་དང་བསྟུན་ནས་དཀྱིལ་འཁོར་དེ་དག་ཞལ་དབྱེ་བ་དང་སྒྲུབ་ཅིང་མཆོད་པའི་སྲོལ་གཏོད། ཕྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡོངས་འཛིན་དང་བསྙེན་རྫོགས་ཀྱི་མཁན་པོ་མཛད། ལྷོ་ཡུལ་དུ་སྤྱན་དྲངས་ཏེ་ལྕགས་རིའི་གདན་སར་དགེ་འདུན་གྱི་སྡེ་བཙུགས་ཤིང༌། དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་པའི་བདག་རྐྱེན་བླ་ན་མེད་པ་གནང་བའི་མཐར། གནས་དེ་ཉིད་དུ་དགུང་ལོ་གྱ་བཞི་པ་ཆུ་བྱ་ ༡༦༣༣ ལོར་གཤེགས་སོ། །

{{#arraymap:པཎ་ཆེན་ལྷ་དབང་བློ་གྲོས་

|; |@@@ | | }}

པཎ་ཆེན་ལྷ་དབང་བློ་གྲོས་ (2)
Part of speech མིང་ཚིག
Definition མྱང་སྟོད་རྒྱང་རོ་ལ་འཁྲུངས། འཁྲུངས་འདས་ལོ་ཚིགས་ལོ་མི་གསལ། ལྷ་ཁང་གྲྭ་ཚང་ནས་བཀྲ་ཤིས་ལྷུན་པོར་བྱོན། གཞུང་བཀའ་པོད་ལྔས་མཚོན་མདོ་རྒྱུད་གཞུང་ལུགས་ཀུན་ལ་སྦྱངས། དབུས་ཀྱི་མངའ་རིས་གྲྭ་ཚང་དང་། རྒྱལ་རྩེ་གཞི་གནས་གྲྭ་ཚང་སོགས་ཀྱི་མཁན་པོ་མཛད། ཤར་རྩེ་གྲྭ་ཚང་གི་མཁན་པོར་ཕེབས། ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་གསུང་རྒྱུན་རྒྱ་ཆེར་སྤེལ། བཀྲ་ཤིས་ལྷུན་པོའི་ཁྲི་རབས་བཅོ་ལྔ་པ་ཡིན།

{{#arraymap:པཎ་ཆེན་ལྷ་དབང་བློ་གྲོས་

|; |@@@ | | }}