35001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་དཀར་ཞལ་ལུང་ (1)
Part of speech མིང་ཚིག
Definition སྐར་རྩིས་ཀྱི་གཞུང་ཞིག་སྟེ། གཞུང་གི་མཚན་རྒྱས་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་བའི་རྩིས་ཀྱི་ཚུལ་ལ་ཡང་དག་པའི་ངག་སྦྱིན་པ་པདྨ་དཀར་པོའི་ཞལ་གྱི་ལུང་། མཛད་པ་པོ་ནི་ཕུག་པ་ལྷུན་གྲུབ་རྒྱ་མཚོ་ཡིན་ལ། བསྟན་བྱ་ནི། གཞུང་དེ་ཉིད་ལས། བསྡུས་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་བྱེད་པའི་རྩིས་གཏན་ལ་བཤད་པ་དང་། རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་གྲུབ་པའི་རྩིས་བཤད་པ་བཅས་གཉིས་བསྟན་ཡོད། དགོས་པ་གང་གི་ཕྱིར་བརྩམས་པ་ཡང་གཞུང་དེ་ཉིད་ལས། གངས་ཅན་གྱི་ལྗོངས་འདིར་བྱོན་པའི་མཁས་པ་གསུང་རབ་ཀྱི་སྤྱན་དང་ལྡན་པ་རྣམ་ས་ཀྱིས་བཞག་པའི་ཡི་གེ་མང་དུ་མཆིས་ཏེ། དེ་དག་ཐམས་ཅད་ཀྱང་རྒྱལ་འི་བསྟན་པ་གནས་པི་མཐུན་རྐྱེན་དུ་གྱུར་ཅིང་། ཡང་དག་པའི་བཤད་པའང་ཤས་ཆེ་བས་དགེ་མོད་ཀྱི་འོན་ཀྱང་འདིར་ནི་དེ་རྣམས་ཀྱི་ཡི་གེ་འཐོར་བ་དང་། མི་གསལ་བ་དང་། མ་བཤད་པ་དང་། ལོག་པར་བཤད་པའི་མཆིས་པ་རྣམས་དོར་ཏེ། ལེགས་པར་བཤད་པ་རྣམས་ཕྱོགས་གཅིག་ཏུ་བྱས་ནས་ཤཱཀྱའི་རྒྱལ་སྲས་དང་བཅས་པས་བསྟན་པའི་ལམ་བཟང་པོ་འཇུག་པར་བྱེད་དོ། །ཞེས་གསུངས། མཛད་པའི་དུས་ནི་ཕྱི་ལོ་ ༡༤༤༧ པ་ལོ་སྟེ། རབ་བྱུང་བརྒྱད་པའི་མེ་ཡོས་ལོ་ཡིན་ལ། སྐབས་དེའི་རབ་ལོའི་གྲངས་ནི། དེ་སྔ་ཡན་ཆད་ལ་ལོ་ཧྲིལ་བོ་བཞི་བརྒྱ་དང་ཉི་ཤུ་བགྲངས་པས་ཕྱི་ལོ་ ༡༠༢༧ པའི་བར་གྱི་ལོ་གྲངས་དེའོ། །སྐུལ་བ་པོ་དང་མཛད་པའི་ཡུལ་ནི་གཞུང་དེ་ཉིད་ལས། རང་རིགས་ལས་བྱུང་བའི་བློ་གྲོས་མཆོག་དང་ལྡན་པ་རྩིས་སྨྲ་བ་རྣམས་ཀྱིས་ཡང་དང་ཡང་དུ་བསྐུལ་བ་དང་། ཁྱད་པར་དཔལ་ལྡན་བླ་མ་དམ་པ་དུས་འཁོར་ཞབས་པ་ཆེན་པོ་ཆོས་ཀྱི་རྒྱལ་པོ་དཔལ་གྲགས་པའི་ཞབས་ཀྱི་ཞལ་སྔ་ན་ནས་སྔ་མ་རྣམས་ཀྱིས་མཛད་པའི་ཡི་གེ་མང་དུ་འདུག་ནའང་། ཁ་འཐོར་བ་དང་རི་མོོའི་འདོན་ཚུལ་ལ་སོགས་ཞིབ་ཆ་དགོས་པའང་དུ་མ་འདུག་པས་དེ་རྣམས་ཀྱི་མི་རིགས་པ་འདོར་བ་དང་། ལེགས་པར་བཤད་པ་དང་དུ་བླངས་པའི་ཡི་གེ་ཅུང་ཟད་ཕྱེད་བ་དག་གྱིས་ཤིག་དང་བསྟན་པ་ལ་ཕན་པར་འགྱུར་རོ་ཞེེས་བཀའ་སྩལ་བ་དད་པའི་ཡིད་ཀྱིས་མཆོད་དེ་ཚུལ་བཞིན་དུ་མནོས་ནས་དམ་པ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་ཞིང་གསུང་གི་བདུད་རྩི་ལས་སྐྱེས་པ་རྩིས་ལ་བློ་བྱང་བའི་བཙུན་པ་ལྷུན་གྲུབ་རྒྱ་མཚོ་དཔལ་གྱིས། །ཞེས་བྱུང་བས་གསལ།

{{#arraymap:པད་དཀར་ཞལ་ལུང་

|; |@@@ | | }}