35515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པི་པི་ལིང་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཡལ་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཡལ་ཕྲན་ལྕུག་མ་སྙི་ལ་མཉེན་པ། ཡལ་ཕྲན་ས་ངོས་སུ་ཉལ་ནས་སྐྱེ་བ། ལོ་མ་ལྗང་ནག་ཅུང་ཟད་མཐུག་ལ་ཆེ་ཞིང་སྒོར་བ་སྙིང་དབྱིབས་འདྲ་ཞིང་རྩ་རིས་དྲ་བ་ལྟར་གྱེས་ཤིང་གསལ་བ་ལ་སྤུ་འཇམ་ཐུང་ངུ་ཡོད་པ། མེ་ཏོག་སེར་པོ་ཆུང་ཞིང་མང་བ་སྟེ་ཚགས་དམ་པོར་ཤར་ཞིང༌། འབྲས་བུ་ཁམ་ནག་དབྱིབས་ནར་མོ་ཕྲ་ལ་ཐུང་བ་ཐོར་པ་ལྟ་བུའི་འབུར་ཚགས་ཀྱིས་ཁྱབ་པ་སྟེ་སེར་རྡར་རིས་སུ་དོད་པ་དང༌། བཅད་འཕྲོ་ནས་འབྲུ་གུ་དམར་སེར་ནང་དཀར་པོ་ཅན་ཕན་ཚུན་འབྱར་བ། ཕྲ་སྦོམ་ཅི་རིགས་ཡོད་པ་སྟེ། དེ་ལའང་རིགས་མཆོག་དམན་ལྔ་ཙམ་ཡོད། སྔོ་ནག་ཆུང་ངུ་འབྲས་འབྲུམ་ཡེ་མ་དོད་པ་འདྲ་བ་མོ་རིགས་མཆོག་དང༌། དེ་ལས་ནག་ལ་འབྲུམ་པ་གསལ་བ་ཕ་རིགས་ཏེ། རབ་བྱི་རིལ་མ་དང་ཆེ་ལ་མཐོ་རེ་ཙམ་ཡོད་པ་ཤིན་ཏུ་ཚ་ངར་ཅན་དང༌། ཁམ་པ་འབྲུ་རྩིང་ལ་སྦོམ་ཕྲ་མདའ་སྨྱུག་ཙམ་པ་རོ་འཇམ་པ་གླང་པོའི་པི་ལིང་དུ་གྲགས། སྤོ་ཀོང་སོགས་སུ་ཡོད་པའི་འབྲུམ་པ་གསལ་ཞིང་རོ་མི་གསལ་བ་བཅས་རིམ་བཞིན་དམན་པར་གསུངས་ཤིང༌། ཧིན་དྷུ་ཉི་ཞི་ཡ་དང༌། ཧྥི་ལི་ཕིན། འབར་མ། ཝེད་ནམ། རྒྱ་གར་སོགས་དང༌། ཡུན་ནན་དང༌། ཀོང་ཏུང༌། ཧེད་ནན་སོགས་ཚ་བ་ཆེ་ཞིང་ས་བབས་དམའ་བའི་ཡུལ་དུ་སྐྱེ་བ་མང་ཞིང༌། འབྲས་བུ་བོད་ཟླ་བརྒྱད་པ་ཙམ་ལ་བཏུས་ཏེ་ཧམ་རུལ་མ་ཤོར་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ཞིང་རྩུབ་ལ་རྣོ་བས་ཕོ་བའི་མེ་དྲོད་ཉམས་པ་དང༌། བད་རླུང་གི་ནད། དབུགས་མི་བདེ་བ། གྲང་རླུང་གི་ནད་སོགས་ལ་ཕན། ནད་ཁྲག་དང་ཟུངས་ཁྲག་འབྱེད་ནུས།
Foreign རྒྱ་གར།
Synonyms བྱང་ཆུབ་ལྗོན་ཤིང་། གྲོག་རྐེད། གྲོག་མའི་གཟུགས་ཅན། གྲོག་སྨན། དྲོད་སྨན་ནར་མོ། དྲོད་སྨན་འཇོང་མོ། དྲོད་སྐྱེད། སྤོད་ནར། སྣ་རིང་། ནག་པོ་གྲོག་རྐེད། དགེ་ལེགས་བྱེད། པི་པི་ལིང་སྦོམ་པོ། གླང་བོའི་པི་པི་ལིང་། བྱི་རིལ་མ། ལུས་འཕགས་སྐྱེས། དབང་ཕྱོགས་པི་པི་ལིང་། དབུས་སྦྱོར། ཟེག་མ་གཡོ་བྱེད། ཡུལ་དབུས་སྐྱེས། སྲེག་བྱེད། ཚ་བ་ལ།

{{#arraymap:པི་པི་ལིང་

|; |@@@ | | }}