35768

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། པོ་ཏོ་བའི་དཔེ་ཆོས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅོ་བརྒྱད་པ་ཡིན། བརྗོད་བྱ། དགེ་བཤེས་པོ་ཏོ་བའི་གདམས་པ་རིན་ཆེན་སྤུངས་པའི་མན་ངག་བཞིན། མགོ་སྐྱབས་འགྲོ་ནས་མཇུག་བསྔོ་བའི་བར་མཐུན་དཔེ་དང་མི་མཐུན་དཔེས་དོན་གོ་བར་བསྐྱེད་ནས་སྐྱེས་བུ་གསུམ་ལ་བློ་སྦྱོང་བའི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཐུབ་པ་འཇམ་དབྱངས་པོ་ཏོ་བྲག་དཀར་བ། སློབ་དཔོན་འཕན་ཡུལ་ལྕེ་སྒོམ་རྫོགས་པ་ཆེ། རྟ་ནག་སྨོན་མགོན་རིན་ཆེན་ཡེ་ཤེས་པ། དཔལ་ཡེ་བཀའ་བཞི་བ་དང་དཔལ་ལྡན་བཟང་། བསམ་འཕན་རྭ་སྟོན་ཀུན་དབང་མཆོག་གྲུབ་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཧོར་ཀ་བཞི་པའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:པོ་ཏོ་བའི་དཔེ་ཆོས་ཀྱི་ཁྲིད་

|; |@@@ | | }}