3579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁབ་ལེན་ (1)
Part of speech མིང་ཚིག
Definition ཉེ་འཁོར་ནས་ལྕགས་རིགས་ཁབ་སོགས་འཐེན་པའམ་ལེན་པར་བྱེད་པའི་ནུས་པ་དང་ལྡན་པའི་རྡོ་ཁབ་ལེན་གྱི་མིང་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས། ཁབ་ལེན་རིགས་ནི་རྣམ་པ་བཞི། འགུགས་བྱེད་ལྕགས་རྣམས་འགུགས་པར་བྱེད། །གཅོད་བྱེད་འབིགས་བྱེད་སྐོར་བྱེད་རྣམས། །ལྕགས་ཀུན་ལེན་བྱེད་ཁམས་མཆོག་ཡིན། །ཀུན་གྱིས་ཁབ་ལེན་ཁབ་ལེན་བཤད། །ཅེས་གསུངས་པ་ལྟར་ཁབ་ལེན་ལ་ལྕགས་རིགས་འགུགས་པའམ་འདྲེན་པ་དང་། ལྕགས་རིགས་གཅོག་གཏུབ་བྱེད་པ། ལྕགས་རིགས་ལ་བུ་ག་འབིགས་པ། ལྕགས་རིགས་སྐོར་བར་བྱེད་པའི་ནུས་པ་བཅས་ལྡན་པ་ཡིན་ལ། འདི་རྡོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་ཅུང་བསིལ། ནུས་པས་མདེའུ་འབྱིན། ལྕགས་གཡའ་འགོག རུས་ཆག་གསོ། ཀླད་པའི་ནད་དང་རྩ་ནད་སེལ།
Synonyms སྐུད་འདྲེན་ལེན་པོ། ཁབ་ལེན་རྡོ། རྡོ་ཁབ་ལེན། སྐོར་བྱེད། གཅོད་བྱེད། ལྕགས་འགུགས། འགུགས་བྱེད། འབིགས་བྱེད།

{{#arraymap:ཁབ་ལེན་

|; |@@@ | | }}