35846

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པྲ་ཉེ་ངག་དབང་དགེ་ལེགས་ (1)
Part of speech མིང་ཚིག
Definition མདོ་སྨད་གཙོས་འབྲོང་ལྕེ་དཔོན་པོ་གནམ་བྱམས་རྒྱལ་གྱི་སྲས་སུ་འཁྲུངས། འཁྲུངས་ལོ་མི་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོག་མའི་གྲྭ་རྒྱུན་ཡིན། བཅུ་དྲུག་པར་དབུས་སུ་ཕེབས། འབྲས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་། གཞུང་བཀའ་པོད་ལྔ་ལ་སློབ་གཉེར་མཛད། ལྷ་རམས་པའི་མཚན་བཏགས་བཞེས། སྒོ་མང་དགེ་བསྐོས་ཀྱང་གནང་། རྒྱུད་སྨད་དུ་སྔགས་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ལ་སྦྱངས། སྔགས་ཀྱི་དམ་བཅའ་ཡང་ཐོན། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་གྲུབ་ཆེན་བརྒྱད་ཅུ་ལས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི་སྐྱེ་བ་ཡིན་ཞེས་ལུང་བསྟན། རྒྱལ་སྲས་ཡེ་ཤེས་གྲགས་པ་སོགས་མཁས་པ་མང་པོ་བསྟེན། ཟབ་ཆོས་མང་དུ་གསན། རྩ་ཐང་མཁན་པོ་དང་། རྒྱུད་པའི་བླ་མ་དབུ་མཛད་གནང་། སྒོ་མང་མཁན་པོའི་ཁྲིར་ཡང་བཞུགས། རབ་བྱུང་བཅུ་གསུམ་པའི་ཤིང་ལུག་ཕྱི་ལོ་ ༡༧༧༥ ལོར་སྐུ་གཤེགས། པྲ་ཉེའི་སྐུ་ཕྲེང་དང་པོ་ཡིན།

{{#arraymap:པྲ་ཉེ་ངག་དབང་དགེ་ལེགས་

|; |@@@ | | }}