36599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་ཝང་ལོང་བུ་ (1)
Part of speech མིང་ཚིག
Definition རྡོའི་སྨན་གྱི་རིགས་ཤིག་སྟེ། རྡོ་དབྱིབས་ཕལ་ཆེར་གྲུ་བཞི་དང་། འགའ་ཞིག་རྒྱ་མདུད་ཅན་ཆེ་ཆུང་ངེས་མེད་ཅི་ཡང་འབྱུང་ཞིང༌། ཁ་དོག་སེར་སྐྱ་ར་གན་གྱི་མདོག་འདྲ་བ། བཅག་ཁ་གསར་པ་འོད་དང་ལྡན་ཞིང་འགའ་ཞིག་ཕྱི་ལ་བཙའ་དྲེག་ཁམ་སེར་དང་སྨུག་པོ་ཆགས་པ། ཕྱི་སྨུག་ལ་ནང་གསེར་རྡོ་འདྲ་ཞིང་། དེ་ལས་དཀར་ཤས་ཆེ་བ་ཞིག་ཡིན་པས་རྒྱུད་འགྲེལ་འགར་འདི་རྡོ་གྲུ་བཞི་དང་གཅིག་ཏུ་གསུངས་ཀྱང་། འདི་ནི་རྒྱུད་ཀྱི་དགོངས་པ་མ་ཡིན་པས་མ་ནོར་བར་བྱའོ། ། རོ་བསྐ་ལ་ཞུ་རྗེས་ཁ་བ། ནུས་པ་ཅུང་ཟད་དྲོ་བ་དང་ལྡན་པས་རྩ་ཆད་པ་དང༌། རུས་པ་ཆག་པ་རྣམས་སྦྱོར་ཞིང༌། མིག་ནད་སེལ་བར་བྱེད།
Domain གསོ་རིག
Synonyms དམ་ཅན་བླ་རྡོ།

{{#arraymap:ཕ་ཝང་ལོང་བུ་

|; |@@@ | | }}