36682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་རོལ་སེམས་ཤེས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མངོན་ཤེས་དྲུག་གི་ནང་གསེས་ཤིག་དང་ཤེས་པ་བཅུའི་ནང་གི་སེམས་ཤེས་ཏེ། དེ་ཡང་གཞན་གྱི་སེམས་སེམས་བྱུང་གང་རུང་མངོན་སུམ་དུ་ཤེས་པའི་སྒོམ་བྱུང་གི་ཤེས་པ་ཞིག་སྟེ། དེ་ལ་དགེ་བས་ཁྱབ་བོ། །དངོས་བཏགས་མ་ཕྱེ་བར་དབྱེ་ན་ལྔ་སྟེ། སྒོམ་བྱུང་གི་ཕ་རོལ་སེམས་ཤེས། སྐྱེས་ཐོབ་ཀྱི་ཕ་རོལ་སེམས་ཤེས། ལས་ཀྱི་ཕ་རོལ་སེམས་ཤེས། རིག་སྔགས་ཀྱི་ཕ་རོལ་སེམས་ཤེས། རྟོག་གེ་བའི་ཕ་རོལ་སེམས་ཤེས་དང་ལྔ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཕ་རོལ་སེམས་ཤེས་ཀྱང་སྒོམ་བྱུང་ཡིན་ལ་དེ་རྗེས་མཐུན་པ་ལ་ནི་སྐྱེས་ཐོབ་དང༌། ལས་དང༌། རིག་སྔགས་དང༌། རྟོག་གེས་བྱས་པ་རྣམས་ཡོད་ཀྱི། སྨན་ལས་བྱུང་བ་ནི་མེད་ཅིང༌། ཞེས་དང་། མཆིམས་མཛོད་ལས། སེམས་ཤེས་སྒོམ་བྱུང་ནི་དགེ་བ་ཁོ་ན་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།
Synonyms གཞན་སེམས་ཤེས་པའི་མངོན་ཤེས། སྒོམ་བྱུང་གི་ཕ་རོལ་སེམས་ཤེས། ཕ་རོལ་སེམས་ཤེས།

{{#arraymap:ཕ་རོལ་སེམས་ཤེས་

|; |@@@ | | }}