36745

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕག་མོ་ཀརྨ་པཱ་དའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཕག་མོ་ཀརྨ་པཱ་དའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་བརྒྱད་པ་ཡིན། བརྗོད་བྱ། རྗེ་བཙུན་མ་ཕག་མོ་སེར་མོའི་ཐོག་མར་ཐང་སྐུ་ལ་སེམས་འཛིན་པ་ནས་བསྐྱེད་རྫོགས་ཀྱི་དམིགས་རྣམ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་ཕག་མོ་གྲུབ་ཆེན་ཤ་བ་རི། མངའ་བདག་མཻ་ཏྲི་པ་དང་འདྲེན་མཛད་དཔལ། སྟོབས་བཅུ་རྣམ་བཟོད་པཎ་ཆེན་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ་ཆག་ལོ་གཞོན་ནུ་རྒྱལ། ཤེས་རབ་དཔལ་དང་ལེགས་ལྡན་དཔལ་ཆེན་མཚན། ཡེ་ཤེས་དཔལ་པ་བློ་བཟང་དཔལ་འབྱོར་དང་། རིན་ཆེན་ཆོས་རྒྱལ་ཀུན་སྤངས་རིན་པོ་ཆེ། ཞེས་སོགས་དང། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་བའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རིན་ཆེན་ཆོས་རྒྱལ་གྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཕག་མོ་ཀརྨ་པཱ་དའི་ཁྲིད་

|; |@@@ | | }}