36756

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕག་མོའི་སྒོམ་དྲུག་གི་ཁྲིད་ (1)
Part of speech མིང་ཚིག
Definition ཕག་མོའི་སྒོམ་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་བཞི་པ་ཡིན། བརྗོད་བྱ་ནི། དབྱིབས་ལ་བསླབ་པ། ཡིག་འབྲུ་ལ་བསླབ་པ། རླུང་ལ་བསླབ་པ། འོད་ཀྱི་ལུས་ལ་བསླབ་པ། འོད་གསལ་ལ་བསླབ་པ། ཟུང་འཇུག་དུ་བསླབ་པ་སྟེ། ཕག་མོའི་སྒོམ་དྲུག་དམིགས་རིམ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེའི་རྣལ་འབྱོར་མ་དང་ལྕམ་ལེགས་སྨིན། བི་རཱུ་པ་དང་ཨ་བ་དྷཱུ་ཏི་པ། ལྡོང་ངར་རྒྱལ་བ་བྱིན་དང་སངས་རྒྱས་བྱིན། ཧ་དུ་དཀར་པོ་དཔྱལ་ལོ་ཀུན་རྡོར་པ། ཀུན་གྲགས་ཆོས་བཟང་རོང་པ་རྒྭ་ལོ་དང་། ཤེར་སེང་བག་སྟོན་ཚུལ་རྒྱལ་དཔལ་ཚུལ་བ། སངས་རྒྱས་དཔལ་དང་ངོར་ཆེན་ཀུན་དགའི་ཞབས། གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། དཔྱལ་བའི་ཡིག་སྙིང་ཇི་ལྟ་བ་བཞིན་བྲིས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཕག་མོའི་སྒོམ་དྲུག་གི་ཁྲིད་

|; |@@@ | | }}