37269

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་བུ་ (1)
Part of speech མིང་ཚིག
Definition ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེ་ཤོས་དང་ཉི་མ་ནས་བརྩིས་པའི་རྒྱུ་སྐར་རིམ་པ་ལྔ་པ་སྟེ། གཟའ་མིག་དམར་གྱི་རྗེས་དང་སྤེན་པའི་སྔོན་གྱི་གཟའ་ཞིག
Synonyms ཕུར་བུ་བ། ཀཱཾ་ལ་གཾ གྲེ་སྐྱེས། འཚོ་བ་སྐྱེས་མའི་བུ། བཅུ་གཉིས་འོད་འཕྲོ། ཉི་མའི་རྒྱུད། མཐོ་རིས་ཐོབ། སྣ་ཚོགས་གཙུག་ཕུད་ཀྱི་བུ། ཕ་བདུན་པ། བུ་མང་ཅན། མིག་ལྡན། མིག་ཅན། བློ་ལྡན། ཤེས་ལྡན། དཔྱོད་ལྡན། སྤོབས་པ་ཅན། མེ་བཞི་སྐྱེས། གཙུག་ཕུད་བཀྲ། རྩུབ་ལྡན། ཐིགས་པས་སངས། འཚོ་བྱེད། གཞོགས་ཕྱེད་དམར་བ། འོད་ཀྱི་མུ་ཁྱུད་ཅན། འོད་ཀོར་འཛིན་པ། ལོ་སྐོར། ཤིན་ཏུ་གསལ་བའི་གཅུང་བོ། ལྷའི་བླ་མ། ལྷ་ཡི་སློབ་དཔོན། གུ་རུ། རིག་བྱེད་བདག་པོ། ལྷ་ཡི་བདག་པོ། སྒྲ་མཁན། བརྡ་སྤྲོད་དབང་པོ། དབྱངས་བདག ཚིག་བདག ཚིག་ལྡན། སྨྲ་བའི་བདག་པོ། སྨྲ་མཁན། སྨྲ་མཁས།

{{#arraymap:ཕུར་བུ་

|; |@@@ | | }}

ཕུར་བུ་ (2)
Part of speech མིང་ཚིག
Definition གཟའ་ཕུར་བུའི་བསྡུས་མིང་སྟེ། གཟའ་འཁོར་གཅིག་ནང་གི་རེས་གཟའ་ལྷག་པའི་སྔོན་དང་པ་སངས་རྗེས་ཀྱི་ཉི་མ།
Example ཁོང་གིས་རེས་གཟའ་ཕུར་བུའི་ཉིན་ལས་ཀ་བྱས་པ་རེད། གཟའ་ཕུར་བུ་ལ་སྐར་མ་ཡག་པོ་ཡོད་ལྟ་བུ།

{{#arraymap:ཕུར་བུ་

|; |@@@ | | }}

ཕུར་བུ་ (3)
Part of speech མིང་ཚིག
Definition དབྱིབས་ཕུར་པ་དང་འདྲ་ཤིང་ཡུ་བའི་འཆང་བཟུང་མན་ཆད་ཟུར་གསུམ་ཡིན་པ་རྩེ་མོ་རྣོ་བའི་ཆོས་ལུགས་ཀྱི་ཆོ་གའི་ལག་ཆ་ཞིག
Domain ཆོས་ལུགས།

{{#arraymap:ཕུར་བུ་

|; |@@@ | | }}

ཕུར་བུ་ (4)
Part of speech མིང་ཚིག
Definition ས་ཕོ་སྤྲེལ།
Domain རྩིས་རིག

{{#arraymap:ཕུར་བུ་

|; |@@@ | | }}