37437

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོ་བྲང་སྡིང་བ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྟོད་དུ་གྲབ་པར་སྐུ་འཁྲུངས། གདུང་རུས་ནི་གཉོས་ཡིན། མཚན་དངོས་ལ་གཞོན་ནུ་འོད་ཅེས་ཞུ། རྗེ་པོ་ཏོ་བ་རིན་ཆེན་གསལ་གྱི་ཞབས་ལ་གཏུགས། མྱ་ངན་ལས་མ་འདས་བར་དུ་དྲུང་དུ་བཞུགས། ཅི་མཛད་ཡོན་ཏན་དུ་འཛིན་པ་ལས་མི་མཐུན་པར་བཟང་མ་མྱོང་སྐྱེས་བུ་ཞིག་ཡིན། མདོ་སྔགས་རིག་གནས་དང་བཅས་པ་མཐར་ཕྱིན་པར་སྦྱངས། ཁྱད་པར་དུ་རྗེ་པོ་ཏོ་བས་གསུངས་པའི་ཆོས་ཐམས་ཅད་དཔེ་སྣ་ཚོགས་དང་སྦྱར་ནས་ཕྱོགས་གཅིག་ཏུ་བསྡེབས། གྲབ་གནས་གསར་དང་ཕོ་བྲང་སྡིང་གསར་འདེབས་མཛད། གྲྭ་པ་བཞི་བརྒྱ་ལྷག་ལ་བཀའ་ཆོས་གསུངས། རེ་ལྔ་པར་གྲབ་གནས་གསར་དུ་གཤེགས། རྗེ་པོ་ཏོ་བའི་བཀའ་བབ་ཀྱི་བུ་ཆེན་བརྒྱད་ལས། དང་ཚུགས་མཆོག་ཟུང་གཅིག་ལ་འགྲན་པ་ཞིག་ཡོད་པའི་བཀའ་བབ་ཡིན།
Synonyms གཉོས་གཞོན་ནུ་འོད།

{{#arraymap:ཕོ་བྲང་སྡིང་བ་

|; |@@@ | | }}