3772

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱ་དགེ་བློ་གྲོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་ཕྱི་ལོ་ ༡༦༦༤ ལོར་མདོ་སྨད་ཅོ་ནེའི་ཁྱ་དགེ་ཡུལ་དུ་གདུང་རུས་ཁྱུང་པོ་ལས་མཆེད་པའི་ཡབ་ཀླུ་འབུམ་ཡག་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་ལ་ལེགས་པར་སྦྱངས། སློབ་དཔོན་དོན་ཡོད་འབྱུང་གནས་ཀྱི་དྲུང་དུ་སྨོན་ལམ་སྣ་ལྔ་དང་། འཇམ་དཔལ་མཚན་བརྗོད་བཅས་བློར་སྦྱངས། བཅུ་གཅིག་པར་གོང་མ་ལུང་རིགས་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་བློ་གྲོས་རྒྱ་མཚོར་གསོལ། ཅོ་ནེའི་ཆོས་རྗེ་དང་ཁུ་བོ་ཤེས་རབ་དོན་ཡོད་བཅས་ལྷན་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ཁྲི་ཆེན་དགེ་འདུན་ཕུན་ཚོགས་དང་འཛིན་གྲྭ་གཅིག་ཡིན། དཔོན་སློབ་དོན་གྲུབ་རྒྱ་མཚོའི་དྲུང་ནས་ཚད་མ་དང་། ཕར་ཕྱིན། འདུལ་བ། ལམ་རིམ་བཅས་སྦྱངས། གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང༌། ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་སོགས་བླ་མ་དགེ་བཤེས་བཅུ་ལྷག་ཙམ་བསྟེན། མདོ་སྔགས་ཀྱི་གཞུང་རྒྱ་ཆེར་གསན། ཕ་བོང་ཁ་བ་མཁན་པོ་ངག་དབང་བསྟན་འཛིན་ལས་དགེ་སློང་གི་སྡོམ་པ་མནོས། རང་ཡུལ་དུ་ཕེབས་ཏེ་རང་དགོན་ཁྱ་དགེ་ལེགས་བཤད་གླིང་དུ་འདུ་ཁང་སོགས་རྟེན་གསུམ་མང་དུ་བཞེངས། བྱ་ཁྱུང་དགོན་དུ་དམ་བཅའ་བཞག་ནས་དགོན་ལུང་དགོན་དང་། ཆུ་བཟང་། གསར་ཁོག སྐུ་འབུམ་བཅས་སུ་ཞབས་ཀྱིས་བཅགས། དགུང་ལོ་མཐོན་པར་ཕེབས་དུས་རི་ཁྲོད་འགྲིམས། འཇའ་དབྱངས་བཞད་པའི་སྲས་ཀྱི་ཐུབ་བོ་བཞིའི་གཅིག་ཡིན། རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༧༤༠ ལོར་སྐུ་གཤེགས། གསུང་རྩོམ་གྲས་འཇམ་དབྱངས་བཞད་པའི་གསུང་རྒྱུན་ཟིན་བྲིས་སུ་མཛད་པའི་འཇིགས་བྱེད་དང་། བདེ་མཆོག་གི་བསྐྱེད་རིམ། རང་ཉིད་ཀྱི་རྣམ་ཐར་སྐལ་ལྡན་རེ་སྐོང་། ལྟུང་བཤགས་ཀྱི་འགྲེལ་པ། ལམ་རིམ་ལ་སྦྱར་བའི་སྙན་ངག་སོགས་པོད་གཅིག་ཙམ་ཡོད།

{{#arraymap:ཁྱ་དགེ་བློ་གྲོས་རྒྱ་མཚོ་

|; |@@@ | | }}