37720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་མཛོད་བསོད་ནམས་ཆོས་འཕེལ་ (1)
Part of speech མིང་ཚིག
Definition འཁྲུངས་ལོ་དང་འཁྲུངས་ཡུལ་མི་གསལ། འབྲུས་སྤུངས་དགོན་གྱི་ཚོགས་ཆེན་ཞལ་ངོ་མཛད། མཚན་ལ་ཡང་ཞལ་ངོ་བསོད་ནམས་ཆོས་འཕེལ་ཞུ། སྐབས་དེར་གཙང་པ་སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ཁྲི་འདོན་མི་ཆོག་པར་བཀས་བཅད། དེའི་རྐྱེན་གྱིས་རབ་བྱུང་བཅུ་པའི་ས་ལུག་ཕྱི་ལོ ༡༦༡༩ ལོར་ལྐོག་ཏུ་མཚོ་སྔོན་དུ་ཕེབས། སོག་པོ་ལྷ་བཙུན་བློ་བཟང་བསྟན་འཛིན་སོགས་ལ་རྒྱབ་རོགས་ཞུས། རབ་བྱུང་བཅུ་པའི་ལྕགས་ཕྱི་ལོ ༡༦༢༡ ལོར་སོག་པོ་ལྷ་བཙུན་མཉམ་དུ་དབུས་དམག་དང་། སོག་དམག་ཁྲིད་ནས་གཙང་པ་སྡེ་སྲིད་ཐོག་ཏུ་དམག་དྲངས། གཙང་དམག་ཕམ་ཉེས་བྱུང་། རབ་བྱུང་བཅུ་པའི་ཆུ་ཁྱི་ཕྱི་ལོ ༡༦༢༢ ལོར་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ཁྲི་འདོན་མཛད། རབ་བྱུང་བཅུ་གཅིག་པའི་མེ་གླང་ཕྱི་ལོ ༡༦༣༧ ལོར་སོག་པོ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་ཆོ་ཐུ་དམག་དང་བཅས་པ་བཅོམ་ནས་ལྷ་སར་ཕེབས། ཏཱ་ལའི་བླ་མའི་ཕྱག་མཛོད་ཀྱི་ཆོ་ལོ་སྤྲད། རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ཕྱི་ལོ ༡༦༤༠ ལོར་སོག་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་ཁམས་བེ་རི་རྒྱལ་པོ་བཅོམ། མཚོ་སྔོན་ཕྱོགས་སུ་ལོག་གྲབས་ཡོད་དུས་གུ་ཤྲཱིའི་འཁོར་དང་བཅས་པ་ལྷ་སར་དམག་གཡར་ཏེ་གཙང་པ་སྡེ་སྲིད་རྩ་མེད་དུ་བཏང་། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ ༡༦༤༢ ལོར་གུ་ཤྲཱི་ཧན་གྱིས་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་ཀྱི་ཆོ་ལོ་སྤྲད། རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ཕྱི་ལོ ༡༦༤༥ ལོར་སྡེ་སྲིད་ཀྱི་འགན་ཁུར་བཞེས། དམར་པོ་རིའི་རྩེར་ཕོ་བྲང་དཀར་པོའི་རྨང་གཞི་བཏིང་། རབ་བྱུང་བཅུ་གཅིག་པའི་ས་བྱི་ཕྱི་ལོ ༡༦༤༨ ལོར་ཕོ་བྲང་དཀར་པོའི་གསར་སྐྲུན་གྱི་ལས་འགན་ལེགས་པར་གྲུབ། རབ་བྱུང་བཅུ་གཅིག་པའི་ས་ཁྱི་ཕྱི་ལོ ༡༦༥༨ ལོར་སྐུ་གཤེགས། དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དང་པོ།
Synonyms ཞལ་ངོ་བསོད་ནམས་རབ་བརྟན། རྒྱ་ལོ་ཆོས་མཛད།

{{#arraymap:ཕྱག་མཛོད་བསོད་ནམས་ཆོས་འཕེལ་

|; |@@@ | | }}