37766

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་བཞི་པ་ཡིན། བརྗོད་བྱ་ནི། གཞི་རྩ་བཅད་པ། བཞག་ཐབས་བསྟན་པ། གོལ་ས་བཅད་པ། ལམ་ཁྱེར་ཏེ་བཞིའི་སྒོ་ནས་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་རྡོ་རྗེ་སྙིང་པོ་དང་། ཏཻ་ལོ་ནཱ་རོ་མར་བ་མི་ལ་རྗེ། དྭགས་པོ་ཕག་གྲུ་སྒྱེར་ཞིག་གཞོན་ནུ་འོད། ཆོས་སྐུ་འོད་ཟེར་ཐུགས་རྗེ་བརྩོན་འགྲུས་ཞབས། རྒྱལ་བ་ཡེ་ཤེས་བློ་གྲོས་བཟང་པོ་དང་། སྨན་སྒོམ་ལ་ཕྱི་འདུལ་འཛིན་ངག་དབང་གྲགས། ཟི་ལུང་པཎ་ཆེན་གཞོན་ནུ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གཡག་སྡེ་པཎ་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་

|; |@@@ | | }}