37844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྡོར་འཁོར་ཆེན་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཕྱག་རྡོར་འཁོར་ཆེན་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་དྲུག་པ་ཡིན། བརྗོད་བྱ། སྐྱབས་སེམས་སྔོན་དུ་སོང་ནས་བསྐྱེད་རིམ་སྲུང་བ་བཞི་ལྡན། དག་བྱེད་གསུམ། རྫོགས་རིམ་བྱིན་རླབས་བཞི་ལྡན་རྣམས་ཀྱི་སྒོ་ནས་དཔལ་ཕྱག་རྡོར་འཁོར་ཆེན་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་དབང་ཌཱ་ཀི་སེང་གདོང་མ། ས་བ་རི་བ་ཛ་བ་རི་བ་དང་། དིབ་པཱུ་རྞ་མ་གར་ལོ་ཆོས་བཟང་པོ། རིན་ཆེན་དངོས་གྲུབ་དམར་སྟོན་ཆོས་རྒྱལ་མཚན། ཤེས་རབ་རྡོ་རྗེ་ཐུབ་པ་ཤེས་རབ་དང་། བརྩོན་འགྲུས་སེང་གེ་ཆོས་རྒྱལ་ཆ་གན་པ། འཛིན་པ་རིན་ཤེ་མ་ཏི་ས་བཟང་བ། དོར་ཆེན་བྲག་དཀར་བསོད་ནམས་རིན་ཆེན་དང་། སེམས་དཔའ་བསོད་རྒྱལ་བཀྲ་ཤེས་རྣམ་པར་རྒྱལ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། དམར་ཁྲིད་ཀྱེ་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཕྱག་རྡོར་འཁོར་ཆེན་གྱི་ཁྲིད་

|; |@@@ | | }}