38414

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱུག་མོ་སྟོན་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ཕྱི་ལོ ༡༣༣༢ ལོར་མི་ཉག་ཏུ་འཁྲུངས། རབ་བྱུང་བདུན་པའི་ཆུ་སྤྲེལ་ཕྱི་ལོ ༡༣༩༢ ལོར་སྐུ་གཤེགས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་་སྦྱངས། སྔ་གུ་སྟོན་པ་བསོད་ནམས་དཔལ་བཟང་ལས་རབ་ཏུ་བྱུང། ཤེར་ཕྱིན་མངོན་རྟོག་རྒྱན་འགྲེལ་བ་དང་བཅས་ཐུགས་སུ་ཆུད། ཞག་རེར་མདའ་ཚད་མ་ཤོག་ལྡེབ་དྲུག་རེ་བློ་འཛིན་ཐུབ། མཁན་ཆེན་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་ལས་བསྙེན་པར་རྫོགས། བཤེས་གཞོན་ནུ་རིན་ཆེན་ལས་ཚད་མ་རིགས་གཏེར་སྦྱངས། མཁན་ཆེན་བྱམས་གསར་ཁ་ཆེ་ལས་དུས་ཀྱི་འཁོར་ལོ་སྦྱོར་དྲུག་གི་ཁྲིད་དང་། སྐར་རྩིས་ལ་སོགས་བསླབས། བླ་མ་རིན་ཆེན་དང་། རྟོགས་ལྡན་ཚུལ་ཁྲིམས་རྒྱལ་མཚན་སོགས་ལས་ཕྱག་རྫོགས་སོགས་ལ་སྦྱོང་པར་བྱས། དབུས་གཙང་དུ་ཕེབས། སྐྱོར་མོ་ཁུང་གི་མཁན་ཆེན་ལུང་མདའ་བ་ལས་ཕར་ཕྱིན་དང་། ཉ་དབོན་ཀུན་དགའ་དཔལ་ལས་ཚད་མ་རྣམ་འགྲེལ་ཉ་ཊིཀ་སྟེང་ནས་གསན། དབུས་པ་བློ་གསལ་ལས་འདུལ་བ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ་ལས་སྒྲ་རིག་པ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ལས་སེམས་བསྐྱེད་སོགས་རྒྱ་ཆེན་གསན། མཁན་ཆེན་རྣམ་རྒྱལ་རང་གི་དབུ་ཞྭ་བཞེས་པ་སེར་པོ་དེ་ཉིད་ཀྱི་དབུ་ལ་བསྐོན་ནས་པཎྜི་ཏ་ཆེན་པོར་མངའ་གསོལ། རང་ཡུལ་རབ་སྒང་དུ་ཕེབས། བླ་མ་བྱམས་གསར་གྱི་གདན་ས་སྐྱི་ར་སེང་གེ་དགོན་དུ་ཕར་ཕྱིན། ཚད་མ་རྣམ་འགྲེལ། མངོན་པ་མཛོད། རྒྱུད་བླ་མ་བཅས་སློབ་ཁྲིད་གནང་། སློབ་མ་སྟོང་ཕྲག་ལྔ་རེ་འདུས། བླ་མ་དར་ཐོག་པ་ཞེས་གྲགས། གདན་ས་བཏབ། ལོ་བརྒྱད་རིང་སློབ་མའི་ཚོགས་བསྐྱངས། སློབ་མ་ནི་ཀྱེ་པ་སྟོན་པ། དབོན་པོ་ཀུན་དགའ་རྡོ་རྗེ། ཀྱི་རི་དབོན་པོ་ཆོས་རྒྱལ། རྨ་འཕྲོ་དབོན་པོ་ཆོས་དབང་། དབོན་པོ་གྲགས་བཟང་། མི་རྟི་གྲགས་པ་རིན་ཆེན།

{{#arraymap:ཕྱུག་མོ་སྟོན་པ་

|; |@@@ | | }}