38694

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱྭ་པ་ཆོས་ཀྱི་སེང་གེས་གདན་སའི་སློབ་གཉེར་སྲོལ་གཏོད་གནང་བའི་མཛད་རྗེས་བཅུ་གཅིག་ (1)
Part of speech མིང་ཚིག
Definition ༡ གཞུང་བཀའ་པོད་ལྔའི་སློབ་གཉེར་ཐབས་ལམ་གསར་དུ་གཏོད་པ། ༢ སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་སྲོལ་གཏོད་པ། ༣ དགེ་རྒན་སོ་སོའི་ཁྱད་ཆོས་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་འཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་པ། ༤ འཛིན་གྲྭ་བགོ་བའི་ལམ་ལུགས་གསར་དུ་གཏོད་ཅིང༌། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འཁེལ་གནང་བ། ༥ ལོ་གཅིག་གམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འབེབས་གནང་བ། ༦ འཛིན་གྲྭ་ཕན་ཚུན་གཏུགས་རེས་འགྲན་བསྡུར་བྱས་པའི་ཐབས་ལམ་གསར་དུ་གཏོད་པ། ༧ ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང༌། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུའི་སྲོལ་གཏོད་པ། ༨ སློབ་གཉེར་ལེགས་གྲས་རྣམས་རང་མོས་ཐོག་དགོན་པ་གཞན་དང་གྲྭ་ཚང་གཞན་ལ་གྲྭ་སྐོར་དམ་བཅའ་འགྲོ་བའི་སྲོལ་གསར་དུ་གཏོད་པ། ༩ སློབ་གཉེར་ཐོན་པའི་རིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ་གཏོད་པ། ༡༠ ཚད་མ་རིག་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་སྦྱོང་བྱེད་དགོས་རྒྱུའི་གཏན་འབེབས་གནང་བ། ༡༡ མཚན་ཉིད་རྩོད་སྐབས་ཀྱི་དྲི་བ་དྲིས་ལན་འདེབས་ཚུལ་དང༌། རྩོད་གླེང་གཏོང་མཁན་གྱིས་འཛིན་གྲྭའི་དབུས་སུ་ལངས་ཏེ་ཐོག་མར་ཁས་ལེན་བཟུང་མཁན་ལ་གུས་འདུད་ཀྱི་རྣམ་འགྱུར་དང་བཅས་ཏེ། གཟན་སྐྱུར་འབེབས་ནས་སྐད་གསང་མཐོན་པོས་བགྲོ་གླེང་འགོ་ཚུགས་པའི་དྷཱི་སྐད་གཏོང་བ་དང༌། དེ་ནས་གཟན་སྐེད་པར་དཀྲིས་ཏེ་སྐབས་སུ་བབས་པའི་གཞུང་ལས་འཕྲོས་པའི་ཁས་ལེན་དྲི་བ་དང༌། ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པས་ཐལ་མོ་རྡེབ་པ། ཁྱབ་མཐའ་འགོད་པ། རྒྱུ་མཚན་འདྲི་བ། འཁོར་གསུམ་བསྐོར་བ་སོགས་ཀྱི་དམ་བཅའ་ཁས་ལེན་དང་མཚན་ཉིད་རྩོད་པའི་ཐ་སྙད་དང་བྱ་ཐབས་བཅས་པའི་ངོ་མཚར་ཁྱད་དུ་འཕགས་པའི་སློབ་གཉེར་སྲོལ་ལམ་ཞིག་གསར་གཏོད་གནང་།

{{#arraymap:ཕྱྭ་པ་ཆོས་ཀྱི་སེང་གེས་གདན་སའི་སློབ་གཉེར་སྲོལ་གཏོད་གནང་བའི་མཛད་རྗེས་བཅུ་གཅིག་

|; |@@@ | | }}