38726

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲ་མོ་ (1)
Part of speech རྒྱན་ཚིག
Definition རྡུལ་རྫས་ཀྱི་ཚོགས་པ་ཉུང་ངུའམ་གཟུགས་ཀྱི་ཆ་ཤས་ཆུང་ངུའི་དོན།
Example རྡུལ་རྫས་ཕྲ་མོ་མིག་གིས་མི་མཐོང། དེ་ལས་ཕྲ་བའི་རྡུལ། རྡུལ་ཕྲ་ཤོས་ལྟ་བུ།
Synonyms ཕྲན་བུ། ཆུང་ཆུང་། ཆུང་བ། ཆུང་ངུ། ཕྲན་ཚེགས།
Adj Com Sup (?) ཕྲ་མོ། ཕྲ་བ། ཕྲ་ཤོས།

{{#arraymap:ཕྲ་མོ་

|; |@@@ | | }}

ཕྲ་མོ་ (2)
Part of speech རྒྱན་ཚིག
Definition དབྱུག་ཐུར་ཤིང་སྡོང་གི་རིགས་ཀྱི་སྦོམ་ཚད་ཤིན་ཏུ་ཆུང་བའི་དོན།
Example ལྕང་དབྱུག་ཕྲ་མོ། རྒྱུག་པ་ཕྲ་མོ། ཀ་བ་ཕྲ་མོ་ལྟ་བུ།
Antonyms སྦོམ་པོ།

{{#arraymap:ཕྲ་མོ་

|; |@@@ | | }}

ཕྲ་མོ་ (3)
Part of speech རྒྱན་ཚིག
Definition རྟོགས་དཀའ་བའི་དཀའ་གནད་ཞིབ་མོའི་དོན།
Example གཞུང་གི་དཀའ་གནད་ཕྲ་མོའི་རིགས་འོལ་ཚོད་ཀྱིས་ཤེས་ཁུལ་མ་བྱེད། རིགས་ལམ་ཕྲ་མོའི་སྒོ་ནས་བསྡུར། རྣམ་རྟོག་ཕྲ་མོ་ལྟ་བུ།

{{#arraymap:ཕྲ་མོ་

|; |@@@ | | }}

ཕྲ་མོ་ (4)
Part of speech རྒྱན་ཚིག
Definition ལོ་ཚོད་གཞོན་པའི་དོན།
Example བུ་ཕྲུག་ལོ་ན་ཕྲ་མོ་སྣང་བ་མཐོ། བུ་མོ་ལོ་ན་ཕྲ་མོ། བུ་ཆུང་ལོ་ན་ཕྲ་མོ་ལྟ་བུ།

{{#arraymap:ཕྲ་མོ་

|; |@@@ | | }}