39428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་ཕྱི་ལོ ༡༧༤༥ ལོར་མདོ་ཁམས་ཆི་ཕུག་ཏུ་ཡབ་རྣམ་རྒྱལ་དང་། ཡུམ་ཉི་མ་མིག་ཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ལྷ་ཁང་དགའ་ལྡན་དར་རྒྱས་གླིང་གི་ཆོས་གྲྭ་ཞུགས། འདུལ་འཛིན་བསྐལ་བཟང་རྣམ་རྒྱལ་ལས་དགེ་བསྙེན་དང་། དགེ་ཚུལ་བར་གྱི་སྡོམ་པ་མནོས། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སོགས་ལ་མཁས་པར་སྦྱངས། བཅུ་བདུན་པར་དབུས་སུ་ཕེབས། འབྲས་བློ་གླིང་གྲྭ་ཚང་དུ་ཞུགས། ཧྲེ་ཧོར་བློ་བཟང་དགེ་ལེགས་སོགས་བསྟེན། བསྡུས་གཞུང་དང་། བཀའ་པོད་ལྔ་བཅས་ལ་སློབ་གཉེར་མཛད། གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་དང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། ཁྲི་ཆེན་ནོ་མིན་ཧན་ཆེན་པོ། དེ་མོ་ནོ་མིན་ཧན། ལྕགས་ར་ངག་དབང་འཕྲིན་ལས་སོགས་ལས་བཀའ་འགྱུར་དང་། བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མང་དུ་གསན། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། བཀའ་ཆོས་མཐའ་ཡས་པ་གསན། ལྷ་ལྡན་སྨོན་ལམ་ཆེན་པོའི་གྲྭ་སྐོར་མཛད། ལྷ་རམས་ཨང་དང་པོའི་མཚན་བཏགས་བཞེས། སྟོད་རྒྱུད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་དང་། ཆོ་ག་ཕྱག་ལེན་བཅས་ལ་ལེགས་པར་སྦྱངས། རྒྱུད་པའི་མཁན་ཁྲིར་བཞུགས། རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ཕྱི་ལོ ༡༧༩༤ ལོར་རྒྱ་ནག་ཏུ་ཕེབས། རྒྱ་ནག་གོང་མས་ཡེར་ཁི་ཏཱ་བླ་མའི་ཆོ་ལོ་ཕུལ། ཞེ་ཧོར་པོ་ཏཱ་ལའི་མཁན་ཁྲིར་ཕེབས། བཀའ་འགྱུར་ཆེན་མོའི་བཀླགས་ལུང་གནང་། ཤར་རྩེའི་ཁྲིར་ཕེབས། སོག་ཡུལ་དུའང་བྱོན་ནས་བཀའ་ཆོས་བསྩལ། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ཕྱི་ལོ ༡༨༡༤ ལོར་དགའ་ལྡན་གསེར་ཁྲིར་བཞུགས། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ཕྱི་ལོ ༡༨༡༤ ལོར་སྐུ་གཤེགས། དངུལ་གདུང་ནི་བླ་མ་ལྷ་ཁང་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་རེ་བདུན་པ་ཡིན།
Synonyms ཤར་རྩེ་འཇམ་དབྱངས་སྨོན་ལམ།

{{#arraymap:བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་

|; |@@@ | | }}