39660

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་བརྒྱད་པ་ (1)
Part of speech མིང་ཚིག
Definition རྗེ་བཙུན་འཕགས་མ་སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་པ། རྒྱ་གར་གྱི་མཁན་པོ་བི་ན་ཡ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེས་བསྒྱུར། འགྱུར་བྱང་གི་རྗེས་སུ་པེ་ཅིང་པར་མ་དང་སྣར་ཐང་པར་མ་ལ་འདི་ལ་འཕགས་མོས་མཛད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྒྱད་པ་ཞེས་རྒྱ་གར་ན་གྲགས་པ་ཆེན་པོ་ཡོད་སྐད་དོ། །ཞེས་འཁོད། བསྟན་འགྱུར་རྒྱུད་ཚུ་པར་བཞུགས།

{{#arraymap:བཀྲ་ཤིས་བརྒྱད་པ་

|; |@@@ | | }}

བཀྲ་ཤིས་བརྒྱད་པ་ (2)
Part of speech མིང་ཚིག
Definition རྒྱ་གར་གྱི་སྙན་དངགས་མཁན་ཆེན་པོ་ནག་མོའི་འབངས་ཀྱིས་མཛད་པའི་བཀྲ་ཤིས་བརྒྱད་པ། འདིའི་རྒྱ་དཔེ་རྒྱ་གར་ནུབ་ཕྱོགས་ཀྱི་རྣལ་འབྱོར་པ་ཆེན་པོ་ཙང་བ་ཡི་ཞེས་པ། བོད་སྐད་ལྷ་མོའི་དཔལ་ཞེས་པས་བསྣམས་བྱོན་པ། དཔལ་ལྡན་བླ་མའི་བཀའ་དྲིན་གྱིས་བསྒྱུར་ནས་བིཏ་དགེ་སློང་དཔལ་ལྡན་གྲགས་པས་བགྱིས། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་དགོངས་འགྲེལ་གཉིས། །གསར་བཅུག་དབང་དང་གྲོལ་བྱེད་རིག་གཉིས་ཀྱི། །ཆ་ལག་ཉེར་འཁོར་ལྔ་བརྒྱ་ཉེར་གསུམ་སྟེ། །ཡོངས་དྲིལ་ཆོས་སྐོར་ལྔ་བརྒྱ་ཉེར་ལྔ་བཞུགས། བསྟན་འགྱུར་རྒྱུད་ག་པར་བཞུགས།

{{#arraymap:བཀྲ་ཤིས་བརྒྱད་པ་

|; |@@@ | | }}

བཀྲ་ཤིས་བརྒྱད་པ་ (3)
Part of speech མིང་ཚིག
Definition འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བའི་མདོ། ཤོ་ལོ་ཀ་ལྔ་བཅུ་རྩ་གཅིག་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ།

{{#arraymap:བཀྲ་ཤིས་བརྒྱད་པ་

|; |@@@ | | }}

བཀྲ་ཤིས་བརྒྱད་པ་ (4)
Part of speech མིང་ཚིག
Definition ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ཕྱི་ལོ་ ༡༨༩༦ ལོའི་བོད་ཟླ་ལྔ་པའི་ཚེས་གསུམ་གྱི་རེས་གཟའ་ཉི་མ་ལ་མཛད་པ་ཞིག་སྟེ། དེ་ཡང་བདེ་བར་གཤེགས་པ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བརྒྱད། བྱང་ཆུབ་སེམས་མ་བཀྲ་ཤིས་པའི་ལྷ་མོ་བརྒྱད། འཇིག་རྟེན་སྐྱོང་བ་བརྒྱད་སོགས་ཀྱི་ཕྱག་མཆོད་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཞིག་ཡིན།

{{#arraymap:བཀྲ་ཤིས་བརྒྱད་པ་

|; |@@@ | | }}