39719

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་ (1)
Part of speech མིང་ཚིག
Definition ལྷོ་ཁ་ཚང་ཁྱིམ་དུ་འཁྲུངས། འཁྲུངས་ལོ་མི་གསལ། དགུང་ལོ་ཆུང་དུས་ནས་ཡིག་རྩིས་དང་། རིག་གནས་ཆུང་བ་རྣམས་ལ་སྦྱངས། ལྷོ་བྲག་སྨན་པའི་དྲུང་ནས་རྒྱུད་བཞི་ལ་སྦྱངས་པས་སྨན་པ་མཁས་པར་གྱུར། ལྷོ་བྲག་རྫོང་གི་རྫོང་དཔོན་དང་། རྩེ་དྲུང་དཀྱུས་མ། རྩེ་མགྲོན་བཅས་ཀྱི་གོ་གནས་བཞེས། ལྷ་སར་ཕེབས། རབ་བྱུང་བཅོ་ལྔ་པའི་མེ་བྱ་ཕྱི་ལོ ༡༨༩༧ ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བླ་སྨན་བགྲེས་པར་བསྐོས། སྨན་པ་མང་པོ་གསོ་སྐྱོང་མཛད། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་ལོ ༡༩༠༤ ལོར་རྒྱལ་བ་བཅུ་གསུམ་པའི་སྐུ་བཅར་བླ་སྨན་མཛད། རྒྱལ་བ་རིན་པོ་ཆེས་བླ་སྨན་སྤྱི་ཁྱབ་མཁན་པོའི་གོ་ས་གནང་། རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ཕྱི་ལོ ༡༩༡༦ ལོར་སྨན་རྩིས་ཁང་གསར་འཛུགས་ཀྱི་ཐུགས་འགན་བཞེས། ལྕགས་རི་གྲྭ་ཚང་དུ་སྨན་བླ་ལོངས་སྐུའི་སྐུ་བརྙན་གསར་བཞེངས་མཛད། རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ཕྱི་ལོ ༡༩༢༢ ལོར་ནོར་བུ་གླིང་ཁར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་དབུས་སྟོད་དགེ་འདུན་སྙན་གྲགས་དང་། ལྷོ་ཁ་ལྷུན་གྲུབ་གྲགས་པ། འཕན་པོ་ངག་དབང་ཆོས་འབྱོར། རྩེད་ཐང་མཁྱེན་རབ་ནོར་བུ། རྩེད་ཐང་བསྟན་པ་ཡར་འཕེལ། དབུས་སྟོད་ཚུལ་ཁྲིམས་སྙན་གྲགས། ཉག་རོང་ཤར་རྒན་རིག་འཛིན་ལྷུན་གྲུབ་བཅས་ཡིན། གསུང་རྩོམ་ནི་བྱིས་པ་ཉེར་སྤྱོད་འགྲོ་ཕན་སྙིང་ནོར་བཅས་བཞུགས།
Synonyms དངོས་གཞི་བ་བྱམས་པ་ཐུབ་དབང་།

{{#arraymap:བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་

|; |@@@ | | }}