40589

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་ཆེན་ཤེས་རབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་མེ་འབྲུག་ཕྱི་ལོ ༡༤༣༦ ལོར་གཙང་ས་སྐྱར་ཡབ་འཇམ་དབྱངས་ནམ་མཁའི་རྒྱལ་མཚན་དང་། ཡུམ་མ་ཅིག་དཔལ་འབྱུང་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་སྟག་ཕྱི་ལོ ༡༤༩༤ ལོར་ཤབ་དགེ་སྡིངས་སུ་སྐུ་གཤེགས། བཤེས་གཉེན་དཀོན་མཆོག་བཟང་པོ་སོགས་བསྟེན། ས་སྐྱའི་ཆོས་སྐོར་དང་། རྩིས་སོགས་གསན་སྦྱོང་མཛད། ཉེར་བདུན་པར་ལམ་འཛོལ་གྱིས་ཧོར་སེར་ཡུལ་དུ་བྱོན། བརྡ་མི་འཕྲོད་པས་འོ་བརྒྱལ་ཅུང་བྱུང་། ས་སྐྱའི་སྐྱེས་ཆེན་ཡིན་པར་རྟོགས་རྗེས་འགྲོ་དོན་རྒྱ་ཆེར་འཕེལ། བྲག་ལ་ཕུར་བ་བཏབ་ནས་ཆུ་བཏོན་པ་དང་། རི་དྭགས་རྣམས་ཀྱིས་ལམ་སྣེ་ཁྲིད་པ་སོགས་གྲུབ་རྟགས་བསྟན་པའི་ངོ་མཚར་གྱི་རྣམ་ཐར་མང་། གསུང་རྩོམ་ནི་པོ་ཏི་ཀ་པ་གསེར་བྲིས་ཅན་གཅིག་བཞུགས། དཔལ་ལྡན་ས་སྐྱའི་ཁྲི་པ་བཅུ་དགུ་པ་ཡིན།
Synonyms རྒྱ་དཀར་ཤེས་རབ་རྒྱལ་མཚན།

{{#arraymap:བདག་ཆེན་ཤེས་རབ་རྒྱལ་མཚན་

|; |@@@ | | }}