40982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་གཤེགས་རྒྱ་བོ་པ་ (1)
Part of speech མིང་ཚིག
Definition རབ་བྱུང་མ་ཚུགས་པའི་ཤིང་སྟག་ཕྱི་ལོ་ ༡༠༡༤ ལོར་འཁྲུངས། ཆུང་དུས་ནས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལས་དཔེ་ཆ་ཁྲིད། ཇོ་མོ་གཡུ་མོ་མ་སྨད་གཉིས་དང་བཟའ་བསྒྲིགས་གནང་། ཟུར་པོ་ཆེ་ལ་བསྟེན་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོན་པ་དང་། ཆོས་ཀུན་ལ་མཁས་པར་བྱས། འུག་པ་ལུང་པའི་གདན་སར་མང་པོ་བསྐྱངས། གདན་ས་གཞན་ལ་གཏད་ཅིང་བྲག་རྒྱ་པོ་དགུ་འདུས་སུ་བྱོན། སྒོམ་སྒྲུབ་ལོ་ངོ་བཅུ་བཞིའི་རིང་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། ས་རྡོ་རི་བྲག་ཀུན་ལ་ཐོགས་མེད་རྒྱུ་བ་བྱུང་། མཚན་ལ་ཡང་བདེ་གཤེགས་རྒྱ་བོ་ཞེས་ཞུ། རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ ༡༠༧༤ ལོར་སྐུ་གཤེགས། སློབ་མའི་ཚོགས་ནི་ཀ་བ་བཞི་དང་། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱོན། སློབ་མ་དེ་ལས་ཀ་བ་བཞི་ནི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་། གླན་སྟོན་ཤཱཀྱ་བཟང་པོ། ཡང་ཁེང་བླ་མ། མདའ་ཏི་ཇོ་ཤཱཀ་བཅས་དང་། གདུང་མ་བརྒྱད་ནི་མ་ཐོག་བྱང་འབར་དང་། སྐྱ་སྟོན་ཆོས་ཀྱི་སེང་གེ གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀ་རིང་། སྣུབས་སྟོན་ཆོས་ཀྱི་སེང་གེ དབུས་པ་ས་འཐོར། སུལ་སྟོན་ཟླ་བ་གྲགས་པ། རྩེ་ཕྲོམ་བྱང་དཔལ་བཅས་ཡིན། འུག་པ་ལུང་པའི་གདན་རབས་གཉིས་པ་ཡིན།
Synonyms ཟུར་ཆུང་ཤེས་རབ་གྲགས་པ།

{{#arraymap:བདེ་གཤེགས་རྒྱ་བོ་པ་

|; |@@@ | | }}