41101

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་མཆོག་དཀར་པོའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། བདེ་མཆོག་དཀར་པོའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བདུན་ཅུ་པ་ཡིན། བརྗོད་བྱ་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་བདེ་མཆོག་དཀར་པོ་ལྷན་སྐྱེས་ཀྱི་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། ཤཱཀྱ་ཤྲཱི་དང་ས་སྐྱ་པཎྜི་ཏ། གཡག་སྡེ་ལོ་ཙཱ་སངས་རྒྱས་ཡེ་ཤེས་དང་། མཁན་ཆེན་བསོད་གྲགས་པ་ཚུལ་ཁྲིམས་པ། བྱང་སེམས་བྱ་སྡེར་ས་བཟང་འཕགས་པ་མཆོག ཀུན་དགའ་བཟང་པོ་བསོད་ནམས་དབང་ཕྱུག་དང་། དྲུང་བཙུན་དཔལ་རྒྱལ་སངས་རྒྱས་རིན་ཆེན་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། དཔྱལ་ཨ་མོ་གྷའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བདེ་མཆོག་དཀར་པོའི་ཁྲིད་

|; |@@@ | | }}