41145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་ཡངས་དགེ་འདུན་ཐུབ་བསྟན་རབ་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ཕྱི་ལོ ༡༩༡༢ ལོར་མཚོ་སྔོན་མདའ་བཞིར་ཡབ་དབང་ཆེན་ཐར་དང་། ཡུམ་མར་གྱ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བདེ་ཡངས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། གསེར་ཁང་དགེ་བཤེས་དགེ་འདུན་བསྟན་པ་དར་རྒྱས་ལས་རབ་ཏུ་བྱུང་། བྲག་ཁང་བློ་བཟང་བསྟན་པའི་རྒྱལ་མཚན་བསྟེན། ཡི་གེའི་སྦྱོར་ཀློག་དང་། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཉེར་གཉིས་པར་དབུས་སུ་ཕེབས། རྒྱལ་བས་གཟིགས་ཆེར་གནང་། བྱ་ཁྱུང་བ་བྲག་ཁང་དགེ་བཤེས་སྐལ་བཟང་ཡོངས་འཛིན་དུ་བསྐོས། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པར་མཛད། མདོ་སྨད་དུ་ཕེབས། ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེ་དང་། ལྕང་ལུང་བློ་བཟང་བསྟན་པའི་རྒྱལ་མཚན་རྣམ་གཉིས་ལས་ཆོས་བཀའ་མང་དུ་གསན། རབ་བྱུང་བཅུ་དྲུག་པའི་ས་སྟག་ཕྱི་ལོ ༡༩༣༨ ལོར་བྱ་ཁྱུང་དགོན་ཁྲིར་ཕེབས། གདན་ས་ཟླ་བ་བརྒྱད་རིང་བསྐྱངས། སྒྲུབ་པ་ཉམས་ལེན་ལ་གཞོལ། ལྔ་བཅུ་པ་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ཕྱི་ལོ ༡༩༦༡ ལོར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་བརྒྱ་དང་། བཅུ་གཅིག་པ་ཡིན།

{{#arraymap:བདེ་ཡངས་དགེ་འདུན་ཐུབ་བསྟན་རབ་རྒྱས་

|; |@@@ | | }}