41458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཙན་པོ་དོན་གྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ཆུ་གླང་ཕྱི་ལོ ༡༦༡༣ ལོར་བོད་དབུས་དགའ་བ་གདོང་དུ་འཁྲུངས། འབྲས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གུང་རུ་སངས་རྒྱས་བཀྲ་ཤིས་བཤེས་གཉེན་དུ་བསྟེན། གཞུང་ཆེན་རྣམས་ལ་ཐུགས་བརྩོན་མཛད། དྭགས་པོ་གྲྭ་ཚང་དུ་གཞུང་བཀའ་པོད་ལྔར་ལེགས་པར་སྦྱངས། མདོ་སྨད་དུ་ཕེབས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ཕྱི་ལོ ༡༦༤༢ ལོར་སྐུ་འབུམ་དགོན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་གཟིགས་སྐྱོང་གནང་། ལོ་དེར་ཁལ་ཁ་ཨེར་ཏི་ནི་ཧུང་ཐའི་ཇིས་སྦྱིན་བདག་དང་། ཁྲི་ཟུར་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་གྱིས་ཞལ་བཀོད་མཛད་དེ། གསེར་སྡོང་ཆེན་མོའི་བྱང་ཆུབ་མཆོད་རྟེན་ལ་དངུལ་དཀར་གཞིར་བྱས་ཐོག་གསེར་ཚོས་ཀྱི་ཚིགས་རྒྱན་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏབ། ཆོ་འཕྲུལ་མཆོད་རྟེན་གྱི་རྣམ་པར་བཞེངས། རྟེན་གཙུག་ལག་ཁང་ལོགས་རིས་བཅད་པ་གསར་བསྐྲུན་གནང་། གདན་ས་ལོ་དྲུག་རིང་བསྐྱངས། ཁྲི་ཟུར་རྗེས་སེམས་ཉིད་དགོན་པའི་བླ་མ་མཛད། ཐུགས་ཤིན་ཏུ་གཏུམ་པ་དང་། ཞལ་བཙན་པོ་ཡིན་པས་ཀུན་གྱིས་བླ་མ་བཙན་པོ་པ་ཞེས་ཞུ། རབ་བྱུང་བཅུ་གཅིག་པའི་ས་བྱི་ཕྱི་ལོ ༡༦༤༨ ལོར་དགོན་ལུང་དགོན་པའི་ཁྲིར་བྱོན། གདན་ས་ལོ་གཉིས་རིང་བསྐྱངས། རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་ཕྱི་ལོ ༡༦༥༠ ལོར་གསེར་ཁོག་དགའ་ལྡན་དམ་ཆོས་གླིང་ཕྱག་བཏབ། དགེ་འདུན་གྱི་ཚོགས་བསྐྱངས། རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ཕྱི་ལོ ༡༦༦༥ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་བདུན་པ་དང་། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་བཅུ་པ་བཅས་ཡིན།

{{#arraymap:བཙན་པོ་དོན་གྲུབ་རྒྱ་མཚོ་

|; |@@@ | | }}