41960

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟོད་པ་ (1)
Part of speech མིང་ཚིག
Definition གཞན་གྱི་གནོད་པ་དང་ལེན་ནམ་གནོད་ལན་མི་བྱེད་པའི་བྱ་སྤྱོད།

{{#arraymap:བཟོད་པ་

|; |@@@ | | }}

བཟོད་པ་ (2)
Part of speech མིང་ཚིག
Definition མདོ། བཀྲས་ལྷུན་ཐོས་གླིང་ཡིག་ཆར། མི་འཁྲུགས་པའི་སེམས་པ། བཟོད་པའི་ངོ་བོ། དབྱེ་ན། གནོད་པ་ལ་ཇི་མི་མཉམ་པའི་བཟོད་པ། སྡུག་བསྔལ་ལ་དང་ལེན་གྱི་བཟོད་པ། ཆོས་ལ་ངེས་པར་སེམས་དཔའི་བཟོད་པ་དང་གསུམ་ཡོད།
Domain ཆོས་ལུགས།

{{#arraymap:བཟོད་པ་

|; |@@@ | | }}

བཟོད་པ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་མི་འཁྲུག་པའི་སེམས་པ། དེའི་རྒྱུད་ཀྱི་བཟོད་པའི་མཚན་ཉིད། བཟོད་པ་ལ་དབྱེ་ན། སྡུག་བསྔལ་དང་ལེན་གྱི་བཟོད་པ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་ལ་ངས་རྟོག་གི་བཟོད་པ་དང་གསུམ་དུ་ཡོད།

{{#arraymap:བཟོད་པ་

|; |@@@ | | }}

བཟོད་པ་ (4)
Part of speech མིང་ཚིག
Definition སྦྱོར་ལམ་ངེས་འབྱེད་ཆ་བཞིའི་ནང་གསེས། གཟུང་བ་རང་བཞིན་མེད་པར་རྟོགས་པའི་གསལ་སྣང་ཆེན་པོ་ཐོབ་ཅིང་། འཛིན་པ་རང་བཞིན་མེད་པར་རྟོགས་པའི་གསལ་སྣང་ཆུང་ངུ་ཐོབ་པས་བདེན་པའི་ཕྱོགས་གཅིག་ལ་ཞུགས་ཤིང་། རྗེས་སུ་སོང་བའི་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་བདེན་པ་མཐོང་བའི་ལམ་དང་རྗེས་སུ་མཐུན་པར་སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ཐོབ་པའོ། །བདེན་པ་ལ་བཟོད་པ་རབ་འབྲིང་དུ་མར་ཕྱེ་བའི་ནང་ནས་བཟོད་པ་རབ་དང་ལྡན་པ་སྟེ། དེ་ལས་ཉམས་པར་མི་འགྱུར་ཞིང། ངན་སོང་དུ་མི་ལྟུང་བས་ན་བཟོད་པ་ཞེས་བྱའོ། །
Antonyms ཁོང་ཁྲོ།

{{#arraymap:བཟོད་པ་

|; |@@@ | | }}