4198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱུང་ཆེན་སྐེ་རིང་ (1)
Part of speech མིང་ཚིག
Definition ཁྲུང་ཁྲུང་གི་མིང་གི་རྣམ་གྲངས་ཤིག་སྟེ། བྱ་འདི་ནི་ལུས་སྟོབས་ཆེ་ཞིང་། སྐེ་དང་རྐང་པ་རིང་བ། མགོའི་གཙུག་ཏོར་གྱི་པགས་མདོག་དམར་ཞིང་གཅེར་བུ་ཅན། ལུས་པོའི་སྤུ་མདོག་ཐལ་སྐྱ་དང་མཆུ་ཏོ་དྲང་པོ། གཤོག་སྒྲོ་དང་མཇུག་སྒྲོའི་སྤུ་མདོག་ནག་པོ་ཡིན་པ། དཔྲལ་པ་དང་འགྲམ་པ། མགྲིན་པ། མིག་གི་མཐའ་སྐོར་ནས་སྐེ་བར་ཚང་མའི་སྤུ་མདོག་ནག་པོ་ཡིན། འདི་ནི་བོད་གངས་ཅན་ལྗོངས་གཅིག་པུར་གནས་པ་ཡིན། ལོ་རབས་དྲུག་ཅུའི་ནང་མཚོ་སྔོ་རིང་གི་འགྲམ་ནས་གསར་རྙེད་བྱུང་བ་མ་གཏོགས་འཛམ་གླིང་གི་ཡུལ་གྲུ་གཞན་ནང་རྩ་སྟོངས་སོང་ཟིན་པར་བརྟེན་རྒྱལ་སྤྱིའི་འདབ་ཆགས་རིགས་ཀྱི་དཔྱད་ཡིག་དེབ་ཐེར་དམར་པོ་སོགས་ཀྱི་ནང་ད་ཆ་གང་མགྱོགས་སྲུང་སྐྱོབ་མ་བྱས་ཚེ་སྟོང་ལ་ཉེ་བར་སླེབས་པའི་སྲོག་ཆགས་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད། གནས་ཡུལ་ནི་བོད་ཀྱི་རྒྱལ་ས་ལྷ་ས། གཞིས་ཀ་རྩེ། ལྷོ་ཁ། མངའ་རིས། ནག་ཆུ། དཀར་མཛེས། སྐྱེ་རྒུ་མདོ། རྒྱལ་ཐང་། མགོ་ལོག མཛོད་དགེ། ཟུང་ཆུ། གཞན་ཡང་འབྲུག་ཡུལ་སོགས་ས་མཚམས་འགའ་ན་ཡང་མཐོང་རྒྱུ་ཡོད།

{{#arraymap:ཁྱུང་ཆེན་སྐེ་རིང་

|; |@@@ | | }}