42351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྒྱ་བྱིན་ (1)
Part of speech མིང་ཚིག
Definition ལྷ་ཡི་དབང་པོ་སྟེ་འདིས་སྐྱེ་བ་སྔ་མར་མཆོད་སྦྱིན་བརྒྱ་བྱས་པ་ལ་བརྟེན་ནས་ལུས་འདི་ཐོབ་པས་ན་བརྒྱ་བྱིན་དུ་གྲགས། བརྒྱ་བྱིན་ལ་སུམ་རྩེན་བདག་པོ་དང༌། ཤེར་མདོའི་གླེང་གཞིའི་འཁོར་གྱི་དེ་དང༌། སྟོན་པ་བཅོམ་ལྡན་འདས་དངོས་ཀྱི་གདུལ་བྱར་གྱུར་ནས་སྨིན་གྲོལ་ལ་བཀོད་པའི་བརྒྱ་བྱིན་སོགས་རིགས་གཅིག་ཀྱང་གང་ཟག་ཐ་དད་པ་ཡིན་པ་དང༌། འདིར་བསྟན་པ་ནི་སུམ་ཅུ་རྩ་གསུམ་ལ་དབང་བསྒྱུར་བའི་ལྷའི་དབང་པོ་བརྒྱ་བྱིན་ཡིན།
Domain ཆོས་ལུགས།
Synonyms གང་པོ་འབོད། གྲགས་པའི་མུ་ཁྱུད། གྲོལ་བྱེད་འཇོམས། མགོན་པོ་རྡོ་རྗེ་ཅན། རྒན་ལས་ཅན། མཆོད་སྦྱིན་བརྒྱ་བ། མིག་སྟོང་ལྡན་པ། སྟོབས་ལྡན་དགྲ་བོ། བདེ་སོགས་བདག སྤྲིན་ལ་ཞོན། སྨིན་པ་གསོད། ཚིག་མདའི་མགོན་པོ། གཞན་བསྙེམས་བཟོད། བཟོད་དཀའི་རེངས། ལེགས་བྲིས་གཙོ། ཧ་རིའི་རྟ་ཅན། ལྷ་ཡི་རྒྱལ་པོ། ལྷ་ཡི་བདག ཀུན་འཇོམས། སྐབས་གསུམ་བདག སྐྱོ་མེད་མགོན་པོ། ཁྱབ་སྟོབས། གང་བོ་འབོད། གྲགས་པའི་མི་ཁྱུད། གྲོང་འཇོམས། གྲོལ་མེད་འཇོམས། གླང་བོ་ཅན། རྒན་ལ་ཉན། རྒྱལ་བའི་དབང་པོ། དུར་འཇུག བཅུད་ལྡན་ཆེ་བ། ཆར་འབེབས། འཆི་མེད་རྒྱལ་པོ། འཇུག་བྱེད་འཇོམས། འཇོར་འཇིགས། རྟ་སེར་ཅན། སྟོབས་ཀྱི་དགྲ། མཐོ་རིས་རྒྱལ། བདེ་ལྡན། མདོ་འཛིན། རྡོ་རྗེ་འཛིན་པ། ནུས་ལྡན། གནས་བདག པུ་ལོ་མ་དགྲ། སྤྲིན་ལ་ཞོན། འཕེལ་འཇོམས། འཕྲོག་བྱེད། དབྱིག་ལྡན། མི་སྦྱིན་གསོད། མིག་སྟོང་ཅན། རྨུགས་བྱེད་འཇོམས། ཚིག་མདའི་མགོན། གཞན་སྙེམས་བཟོད། བཟོད་དཀའ་རེངས། ཡོངས་སུ་འདྲེན་པ། ཀཽ་ཤི་ཀ འཇོམས་པ་བོ། ལྷ་ཡི་བདག་པོ། སྐབས་གསུམ་དབང་། གང་བོ་འཇོམས། གང་བོ་སྐེམ་བྱེད་། ཕ་རོལ་མུ་ཁྱུད། གྲོང་ཁྱེར་འཇིག གྲོང་ཁྱེར་འཇོམས། རྒན་ལས་ཐོས། ཕྱག་འཚལ་ལྡན། རྒྱལ་བྱེད། ཡང་དག་ངུ་། ཡང་དག་འབོད། ལྷའི་གཙོ་བོ། བཅུད་ལྡན་བདག་པོ། ལྷའི་དབང་པོ། འཆི་མེད་དབང་ཕྱུག འཆི་མེད་གྲོང་གཙོ། མཆོད་སྦྱིན་མཆོག མཆོད་སྦྱིན་ཅན། གཙང་བྱེད་མགོན་པོ། གཙང་མའི་མཆོད་སྦྱིན། མཆོད་བྱེད། འཇེར་འཇིགས། ཧ་རི་རྟ་ཅན། སྟོབས་འཇིག སྟོབས་ལྡན་དགྲ། མཐོ་རིས་ཀྱི་བདག་པོ། མཐོ་རིས་འདྲེན་པ། རྡོ་རྗེ་ཅན། རྡོ་རྗེ་ལག་པ། གནས་ཀྱི་བདག་པོ། ཆར་སྤྲིན་ཅན། འདྲེན་བྱེད་སྟོང་། ལྷའི་དབང་པོ། གཞན་སྙེམས་ཐེག སོ་མང་བུ། དབང་པོ། ལྷ་དབང་། སུ་རེནྡྲ། ལྷའི་རྒྱལ་པོ། ལྷའི་བདག་པོ། རི་འཇོམས། ལེགས་སྐྱོབ། ལེགས་བརྗོད་བདག་པོ། ཤར་གྱི་ཕྱོགས་སྐྱོང་། ཤིས་བརྗོད་ཉན། སོ་མང་སྐྱེས། ལྷ་ལྡན། སུམ་ཅུ་རྩ་གསུམ་གྱི་བདག་པོ། ལྷའི་རྔ་ཅན། ལྷའི་དབང་པོ།

{{#arraymap:བརྒྱ་བྱིན་

|; |@@@ | | }}

བརྒྱ་བྱིན་ (2)
Part of speech མིང་ཚིག
Definition ཞུ་མཁན་ལོ་མ།

{{#arraymap:བརྒྱ་བྱིན་

|; |@@@ | | }}

བརྒྱ་བྱིན་ (3)
Part of speech མིང་ཚིག
Definition གྲོག་མ་ལ་འཇུག

{{#arraymap:བརྒྱ་བྱིན་

|; |@@@ | | }}

བརྒྱ་བྱིན་ (4)
Part of speech མིང་ཚིག
Definition སྤྲུ་མའི་རིགས་ནག་པོ།

{{#arraymap:བརྒྱ་བྱིན་

|; |@@@ | | }}

བརྒྱ་བྱིན་ (5)
Part of speech མིང་ཚིག
Definition སྤྲུ་མ་དཀར་པོ་སྟེ། སྤྲུ་སྐྱ་ཡང་ཟེར།

{{#arraymap:བརྒྱ་བྱིན་

|; |@@@ | | }}

བརྒྱ་བྱིན་ (6)
Part of speech མིང་ཚིག
Definition དུག་མོ་ཉུང་སྟེ། གཏམ་རྒྱུད་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ནས་ཀྱི་ས་བོན་སྨོན་ལམ་བཅས་བཏབ་པ་ལས་བྱུང་བར་གྲགས་པས་སོ། །
Type མངོན་བརྗོད།

{{#arraymap:བརྒྱ་བྱིན་

|; |@@@ | | }}