427

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀམ་ཀམ་དོན་འགྲུབ་དཔལ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཤིང་སྦྲུལ་ཕྱི་ལོ་ ༡༣༦༥ ལོར་འཕན་ཡུལ་དུ་འཁྲུངས། དགུང་ལོ་དགུ་པར་ཡི་གེའི་སྦྱོར་ཀློག་བསླབས། ལེགས་པར་མཁྱེན་པས་བྱིས་པ་ཤེས་རབ་ཅན་དུ་གྲགས། བཅུ་གསུམ་པར་མཁན་ཆེན་བློ་བཟང་པ་དང་སློབ་དཔོན་གུ་རུ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་དོན་གྲུབ་དཔལ་བ་ཞེས་གསོལ། བཅུ་བཞི་ནས་མཁན་ཆེན་བློ་བཟང་པ་ལོ་ངོ་བརྒྱད་རིང་བསྟེན། འདུལ་བ་སོགས་ཆོས་གཞུང་རྣམས་ལ་ལེགས་པར་སྦྱངས། ཉི་ཤུ་རྩ་གཉིས་པར་མཁན་ཆེན་ཤཱཀྱ་མི་ཏྲ་སོགས་ལས་བསྙེན་པར་རྫོགས། གསང་ཕུ་བ་བློ་གྲོས་བརྟན་པ་དང་། མཁས་གྲུབ་རྡོ་རྗེ་རྒྱལ་མཚན། རྡོ་རྗེ་འཛིན་པ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་གཞོན་ནུ་འཕེལ། བྱ་ཡུལ་བློ་གྲོས་རྣམ་དག མཁན་ཆེན་སེང་རྒྱལ་བ། རི་ཁྲོད་པ་མགོན་པོ་ཡེ་ཤེས། སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་པོ། ཐང་སག་པ་ཀུན་སྤངས་གཞོན་ནུ་རྒྱལ་མཚན། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། མཁས་བཙུན་གཞོན་ནུ་འོད། སྟན་གཅིག་པ་ལུང་གི་རྒྱ་མཚོ་སོགས་བཤེས་གཉེན་རྣམས་བསྟེན། མདོ་སྔགས་རིག་གནས་དང་བཅས་པར་དཔྱིས་ཕྱིན་པར་སྦྱངས། ཉམས་ལེན་ཡང་ལེགས་པར་མཛད་པས་བསྟན་པའི་བདག་པོར་གྱུར། ཉེར་གསུམ་པ་རབ་བྱུང་བདུན་པའི་མེ་ཡོས་ཕྱི་ལོ ༡༣༨༧ ལོར་ཀམ་ཀམ་གྱི་གདན་སར་ཕེབས་ནས་ཡུན་རིང་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་དུ་གསོ་སྐྱོང་གནང། བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། ལྔ་བཅུ་ང་གཉིས་པ་རབ་བྱུང་བདུན་པའི་མེ་བྱ་ཕྱི་ལོ ༡༤༡༧ ལོར་ཆོས་འབྱུང་བསྟན་པའི་རིན་པོ་ཆེའི་གསལ་བྱེད་ཅེས་པ་བརྩམས། འདས་ལོ་མི་གསལ། ཀམ་ཀམ་གྱི་གདན་རབས་བཅུ་པ་ཡིན། མཚན་གཞན། སྤྱན་སྔ་དོན་གྲུབ་དཔལ་བ།

{{#arraymap:ཀམ་ཀམ་དོན་འགྲུབ་དཔལ་བ་

|; |@@@ | | }}